Bringing Sickness onto the Path—Tibetan

Sickness & Healing | Advice | Tibetan Mastersརྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ།

English | Português | བོད་ཡིག

རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ།

The Third Dodrupchen

Further Information:

༄༅། །ན་ཚ་ལམ་དུ་ཁྱེར་ཚུལ་གསུམ།

༄༅། །ན་ཚ་ལམ་དུ་ཁྱེར་བ་ལ་རབ་འབྲིང་ཐ་གསུམ་སྟེ། རབ་ན་ཚ་ཟུག་གཟེར་དྲག་པོ་དེ་ཀ་བཟོ་བཅོས་སུ་མ་སོང་བར་རང་ཐོག་ཏུ་ལྷོད་ནས་བཞག་པས་ནད་ཀྱི་ངོ་བོ་སྟོང་ཉིད་སྤྲོས་བྲལ་དུ་ཤར་བའོ། །འབྲིང་ན་ཚ་ཟུག་གཟེར་དྲག་པོ་དེ་ཀའི་ཐོག་ཏུ་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་བསྡུས་ནས་ལམ་དུ་ཁྱེར་བས་ཉོན་མོངས་པ་དང་མཉམ་དུ་ཆོད་ནས་དགེ་སྦྱོར་གྱི་གྲོགས་སུ་ཤར་བའོ། །ཐ་མས་ན་ཚ་སྔོན་གྱི་ལན་ཆགས་སུ་ཤེས་ནས་ནད་ལ་ཕན་པའི་ཐབས་མི་བྱེད་པར་ཞེ་སྡང་གི་ཡུལ་དུ་མི་འཛིན་པས་དཀོན་མཆོག་གི་ཐུགས་རྗེ་རུ་ཤེས་ནས་སྡིག་སྒྲིབ་དག་པའོ།།

• Download this text: EPUB MOBI PDF