Soktsé Rinpoche Long-Life Prayer—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།བདུད་འཇོམས་རིན་པོ་ཆེ། | བོད་ཀྱི་བླ་མ།སོག་རྩེ་རིན་པོ་ཆེ།

English | བོད་ཡིག

བདུད་འཇོམས་རིན་པོ་ཆེ།

སོག་རྩེ་རིན་པོ་ཆེ།

Further information:
Download this text:

༄༅། །སོག་རྩེ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

 

ཨོཾ་སྭསྟི།

གདོད་ནས་འཕོ་འགྱུར་སྐྱེ་འཆི་ལས་འདས་པ། །

ཀུན་ཀྱབ་ཡེ་ཤེས་རྡོ་རྗེ་གཞོན་ནུ་སྲོག །

ཡོངས་གྲུབ་པདྨ་ཚེ་དཔག་མེད་མགོན་གྱིས། །

གཞོམ་མེད་སྲོག་གི་ཀ་བ་དེང་ཚུགས་ཤིག །

 

ཀུན༵་བཟ༵ང་དགོངས་བཅུད་ཨ་ཏིའི་བསྟན༵་པ་མཆོག །

འཛི༵ན་སྐྱོང་སྤེལ་ལ་སྨོན་ལམ་ལས་འཕྲོ་སད། །

བཤད་དང་སྒྲུབ་པའི་རྒྱལ༵་མཚ༵ན་བསྒྲེང་མཛད་པ། །

འགྲོ་མགོན་ཁྱོད་ཞབས་བསྐལ་པར་འཚོ་གཞེས་གསོལ། །

 

གསང་ཆེན་མཆོག་གི་མྱུར་ལམ་ལ་བརྟེན་ནས། །

འབྲེལ་ཚད་དོན་ལྡན་ཕྲིན་ལས་རླབས་པོ་ཆེ། །

གདུལ་བྱའི་ཁམས་ཀྱི་གདུང་བ་ཀུན་བསལ་ཏེ། །

ཕན་བདེའི་འདོད་རྒུ་འཇོ་བའི་བཀྲ་ཤིས་སྩོལ། །

 

ཅེས་སོག་རྩེ་སྤྲུལ་པའི་སྐུའི་ཞབས་བརྟན་འདིའང་ལ་དྭགས་སྐྱིད་ངག་དབང་ཕུན་ཚོགས་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བའི་རེ་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྔ་ཆེན་དབོ་ཟླའི་ཡར་ངོའི་དགའ་བ་དང་པོའི་ཉིན་རྟེན་འབྱུང་དུ་སྤེལ་བ་དགེ། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept