Prayer to Nyoshul Khen Rinpoche—Tibetan
༄༅། །སྨྱོ་ཤུལ་མཁན་རིན་པོ་ཆེའི་གསོལ་འདེབས།
བརྟན་མཁས་ཡོན་ཏན་ཀུན་རྫོགས་སྡེ་སྣོད་འཆང་། །
འཇམ་དབྱངས་བླ་མའི་བྱིན་ཐོབ་རིག་པ་འཛིན། །
ངེས་གསང་རྡོ་རྗེ་སྙིང་པོའི་ཤིང་རྟ་མཆོག །
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །
ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་དང་། །
སེམས་ཉིད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །
ཅེས་པ་གོང་གསལ་༧སྐྱབས་རྗེ་འགྲོ་འདུལ་གླིང་པའི་གསུང་བྱིན་ཅན་གསོལ་འདེབས་སུ་ཁ་བསྒྱུར་མངའ་རིས་ཀྱི་བནྡེ་ཡེ་ཤེས་བཟང་པོས་བགྱིས་པ་སྟེ། དོན་བརྒྱུད་རྟོགས་པའི་དགོངས་པ་རྒྱུད་ལ་བཙན་ཐབས་སུ་འཕོ་བའི་རྒྱུར་གྱུར་ཅིག། །།