Prayer for Swift Rebirth of Yangthang Rinpoche—Tibetan

Practices › Swift Rebirth Prayers | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ། | བོད་ཀྱི་བླ་མ།མདོ་མང་གཡང་ཐང་རིན་པོ་ཆེ།

English | བོད་ཡིག

རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ།

Domang Yangthang Rinpoche

Further information:
Download this text:

༄། །གཡང་ཐང་རིན་པོ་ཆེ་མཆོག་གི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།

 

སྟོན་མཆོག་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །

སྤྱན་རས་གཟིགས་དབང་ཁྱབ་བདག་པདྨ་འབྱུང་། །

ལྷ་དང་དྲང་སྲོང་རིག་འཛིན་སྲུང་མའི་ཚོགས། །

གསོལ་བཏབ་རེ་བའི་འབྲས་བུ་དེང་འདིར་སྩོལ། །

 

རབ་འབྱམས་རྒྱལ་བའི་གསང་གསུམ་སྒྱུ་འཕྲུལ་གར། །

ཆོས་སྐུ་ཁྱབ་གདལ་དབྱིངས་སུ་མ་བསྡུས་པར། །

རྒྱལ་བསྟན་ལྔ་བརྒྱའི་དུས་མཐར་ལྷུང་བ་ལ། །

མགོན་ཁྱོད་ཐུགས་བསྐྱེད་དམ་བཅའ་ལྷུར་བཞེས་གསོལ། །

 

སྙིགས་དུས་འདྲེན་པའི་རྒྱལ་ཚབ་རིག་པ་འཛིན། །

རེ་ཞིག་རྔ་ཡབ་དཔལ་རིར་དབུགས་དབྱུང་སྟེ། །

སླར་ཡང་སྐལ་བཟང་གདུལ་བྱའི་དཔྱིད་དཔལ་དུ། །

གང་གི་སྤྲུལ་པའི་ཟླ་ཞལ་མྱུར་འཆར་གསོལ། །

 

མཆོག་གསུམ་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །

བདག་སོགས་དད་དམ་གཙང་མས་གསོལ་བཏབ་མཐུས། །

མཆོག་གི་སྤྲུལ་པའི་ཡང་སྲིད་མྱུར་འཆར་ནས། །

རླབས་ཆེན་བསྟན་འགྲོའི་ཕྲིན་ལས་ལྷུན་གྲུབ་ཤོག །

 

ཅེས་ཞི་བར་གཤེགས་པ་༸མདོ་མང་གཏེར་སྟོན་གཡང་ཐང་རིན་པོ་ཆེ་མཆོག་གི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་སུ། ཞིང་གཤེགས་གང་གི་བླ་བྲང་ཉེ་གནས་དང་། འབྲས་ལྗོངས་དགོན་ཆེན་པདྨ་ཡང་རྩེ་འདུས་སྡེ་བཅས་ནས་བསྐུལ་ངོར། ཕྱི་ལོ་༢༠༡༦ རབ་ལོ་ ༡༧ མེ་སྤྲེལ་ཁྲུམས་ཟླའི་མར་ཚེས་ལ་མཆོད་རྟེན་དགོན་ནས་རྡོ་གྲུབ་ཆེན་བཞི་པས་སྨོན་ཚིག་བརྗོད་པ་དགེ །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept