The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Vajra Akṣobhya Lineage Prayer—Tibetan

English | བོད་ཡིག

༄༅། །རྡོ་རྗེ་མི་འཁྲུགས་པའི་བརྒྱུད་འདེབས་བཞུགས་སོ། །

 

སྣང་བ་མཐའ་ཡས་འཆི་མེད་པདྨ་འབྱུང་། །

བདེ་ཆེན་རྒྱ་མཚོ་རྗེ་འབང་ལོ་ཙ་བ། །

སྒྱུ་འཕྲུལ་རྡོ་རྗེ་བསོད་ནམས་ལྡེ་འུ་བཙན། །

བཀྲ་ཤིས་འོད་ཟེར་རྗེ་དཔོན་དཀོན་མཆོག་མགོན། །

ནམ་མཁའ་རྒྱ་མཚོ་དྲི་མེད་ཞིང་སྐྱོང་མགོན། །

བརྒྱུད་སྲོལ་ཀུན་འདུས་སྨིན་གྲོལ་བདག་པོ་ལ། །

གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །

བདེ་ལྡན་མངོན་དགའི་ཞིང་ཁམས་མངོན་སྣང་ཤོག །

 

བདེ་གཤེགས་བཅོམ་ལྡན་མགོན་པོ་མི་འཁྲུགས་པ། །

རྟེན་དང་བརྟེན་པའི་འཁོར་ལོ་ལྷུན་རྫོགས་པའི། །

ཉམས་རོལ་སྤྲུལ་པར་བཅས་ལ་གསོལ་བ་འདེབས། །

བདེ་ལྡན་མངོན་དགའི་ཞིང་ཁམས་མངོན་གྱུར་ཤོག །

 

བདག་གི་སྒོ་གསུམ་མི་གཡོ་ཏིང་འཛིན་གྱིས། །

སྒྲ་རྟོག་ཞལ་དང་རྡོ་རྗེ་གསུམ་དུ་དག །

གྲུབ་པ་བརྒྱད་དང་རིག་འཛིན་རྣམ་པ་བཞི། །

མངོན་གྱུར་མི་བསྐྱོད་རྡོ་རྗེའི་སྐུ་སྨིན་ཤོག །

 

ཞེས་ཁྲོམ་ཐོག་བླ་མ་དམ་པ་ཆོས་ཀྱིས་གསུང་ངོར་ངེས་དོན་པས་བདེ་ཆེན་མངོན་དགའ་འདྲ་བའི་གནས་ནས་བྲིས་པ་དགེའོ། །དགེའོ།། །།

 

དགེ་རྩེ་པཎ་ཆེན།

Akṣobhya

Further information:

BDRC Author Profiles: P2943 P733

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept