The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Ngor Aspiration—Tibetan

English | བོད་ཡིག

༄༅། །ངོར་ལུགས་སྨོན་ལམ་རྒྱལ་བས་ལུང་གི་སོགས།

 

རྒྱལ་བས་ལུང་གི་རབ་བསྔགས་ཀུན་དགའ་བཟང་། །

རྒྱལ་བའི་ཐུགས་སྲས་སེམས་དཔའ་ཆེན་པོ་དང་། །

རྒྱལ་བའི་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་ཞབས། །

མཁས་པའི་གཙུག་རྒྱན་བསོད་ནམས་སེངྒེ་དང་། །

མཁྱེན་བརྩེའི་དབང་ཕྱུག་རྗེ་བཙུན་དཀོན་མཆོག་འཕེལ། །

མུས་པ་ཆེན་པོ་སངས་རྒྱས་རིན་ཆེན་དང་། །

འཇམ་པའི་དབྱངས་དངོས་ངོར་ཆེན་ཐམས་ཅད་མཁྱེན། །

ནི་ར་བྷཱོ་གའི་ཞབས་ལ་གསོལ་བ་འདེབས། །

 

མདོ་སྔགས་སྤྱི་དང་ཁྱད་པར་ས་སྐྱ་པའི། །

ཚད་མ་བཞི་ལྡན་གསུང་ངག་གདམས་པའི་བཅུད། །

རྒྱུད་ཀྱི་རྒྱལ་པོའི་བཤད་བཀའ་དང་བཅས་པའི། །

ཟབ་རྒྱས་གདམས་པ་ཀུན་ལ་དབང་འབྱོར་ཤོག །

 

བསྟེན་བྱ་འཚོ་བ་བསྲུང་བྱའི་ཚུལ་ཁྲིམས་དང་། །

ཉམས་ལེན་སྤྱོད་པ་སྟོང་པའི་ལྟ་བ་རྣམས། །

དྲི་མེད་རྗེ་བཙུན་བླ་མ་ཁྱེད་རྣམས་དང་། །

དབྱེར་བ་མེད་པར་བྱིན་གྱིས་བརླབས་ཏུ་གསོལ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ངོར་ཆེན་ཀུན་དགའ་བཟང་པོ།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept