The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Long-Life Prayer for Pakchok Dorje and Khyentse Chökyi Lodrö—Tibetan

English | བོད་ཡིག

༄༅། །ཞབས་བརྟན་གསོལ་འདེབས།

 

ཨོཾ་སྭསྟི།

འཇམ་དཔལ་དབྱངས་དངོས་མཁྱེན་བརྩེ་དབང་པོ་ཡི། །

བྱིན་བརླབས་ཡེ་ཤེས་སྒྱུ་མའི་རྣམ་པར་འཕྲུལ། །

རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མ་ལ། །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

 

སྙིང་རྗེའི་རང་གཟུགས་འཕ༵གས་མཆོག༵་པད་དཀར་འཆང་། །

མཐུ་སྟོབས་དབང་ཕྱུག་ལག་ན་རྡོ༵་རྗེ༵་འཛིན། །

མཁྱེན་རབ་མངའ་བདག་འཇ༵མ་དབྱང༵ས་ཆོས༵་ཀྱི༵་རྗེ། །

བློ༵་གྲོས༵་སེམས་དཔའ་ལེགས་པའི་ལམ་སྟོན་པ། །

ཟབ་དང་རྒྱ་ཆེའི་གསང་མཛོད་གདམས་པའི་དཔལ། །

གཞན་ཕན་བྱང་ཆུབ་སེམས་ཀྱི་ཐུགས་མངའ་བ། །

རིགས་གསུམ་ཀུན་འདུས་འདྲེན་མཆོག་རྣམ་གཉིས་ཀྱི། །

ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། །

 

གསོལ་འདེབས་བུ་ལ་ཐུགས་རྗེའི་བྱིན་གྱིས་རློབས། །

ཡེ་ཤེས་རིག་པའི་དབང་ཆེན་བསྐུར་བ་དང་། །

ཉམས་དང་རྟོགས་པའི་རྩལ་ཆེན་རབ་རྒྱས་ཏེ། །

བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །

 

ཅེས་པའང་འཇམ་དབྱངས་མཁྱེན་རབ་ཟུང་གིས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སྨྲས་རིམ་བཞིན་བསྐུལ་བ་པོ་རང་ཉིད་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Sé Pakchok Dorje

This website uses cookies to collect anonymous usage statistics and enhance the user experience.
Decline
Accept