The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Khyentse Chökyi Lodrö Long-Life Prayer—Tibetan

English | བོད་ཡིག

༄༅། །ཆོས་ཀྱི་བློ་གྲོས་ཀྱི་ཞབས་བརྟན་གསོལ་འདེབས།

 

ཨོཾ་སྭསྟི།

འཇམ་དཔལ་དབྱངས་དངོས་ཚངས་པ་ལྷའི་མེ་ཏོག །

བསམ་བཞིན་བྱོན་པ་ཀུན་མཁྱེན་མདོ་སྔགས་གླིང་། །

གང་གི་ཕྲིན་ལས་སྟོབས་དཔལ་ཡོངས་རྫོགས་པ། །

ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས།

པད་ཡུན་བརྟན་གསོལ། །

ལང་འགྲོ་ལོ་ཙཱ་བློ་བཟང་རྒྱ་མཚོ་སོགས། །

དངོས་སྣང་བཀའ་བབས་བདུན་ལྡན་ཤིང་རྟ་ཆེའི། །

མཆོག་གི་སྤྲུལ་སྐུ་བཀའ་གཏེར་རྒྱ་མཚོའི་བདག །

སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་བཞུགས་གསོལ། །

 

དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །

འབྲལ་བ་མེད་པར་རྟག་པར་རྗེས་བཟུངས་ཤིང་། །

བསྟན་དང་འགྲོ་ལ་བདེ་སྐྱིད་འབྱུང་བ་དང་། །

རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །

 

ཅེས་པའང་མཁར་ཆུའི་དབུ་མཛད་བླ་མ་པདྨས་གསུང་བསྐུལ་ངོར་རང་ཉིད་ཀྱི་བྲིས་པ་དགེ་ཤིང་བཀྲ་ཤིས་པར་གྱུར་ཅིག །

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept