Khyentse Chökyi Lodrö Long-Life Prayer—Tibetan
Practices › Long-Life Prayers | བོད་ཀྱི་བླ་མ། › འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།
Photographer unknown
Further information:
༄༅། །ཞབས་བརྟན་གསོལ་འདེབས།
འཇམ༵་དབྱངས༵་བླ་མའི་བྱིན་རླབས་བཅུད་ཐོབ་པས། །
རབ་འབྱམས་ཆོས༵་ཀྱི༵་གདམས་པའི་གཏེར་ཆེན་པོ། །
ཇི་ལྟར་ཇི་སྙེད་མཁྱེན་པའི་བློ༵་གྲོས༵་རྒྱས། །
དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག །
ཞལ་གསུང་དགེའོ།། །།