Khyentse Chökyi Lodrö Long-Life Prayer—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

༄༅། །ཞབས་བརྟན་གུར་གུམ་གསར་པ་མ།

 

ཨོཾ་སྭསྟི།

གུར་གུམ་གསར་པའི་ལྷུན་པོ་ལྟར་མཛེས་ཤིང་།    །

མི་ཤེས་གཅོད་མཛད་སྔོ་སངས་རལ་གྲིས་མཚན།    །

ཟབ་དོན་གླེགས་བམ་ཨུཏྤལ་ཟེ་འབྲུར་མཛེས།    །

བླ་མ་འཇམ་པའི་དབྱངས་ལ་གསོལ་བ་འདེབས།    །

 

ཀུན་མཁྱེན་ཐུབ་པའི་བསྟན་པ་རིན་པོ་ཆེ།    །

མདོ་སྔགས་ཆོས་ཀྱི་མཛོད་ཆེན་འཛིན་པ་ཡི།    །

སྙན་པའི་གྲགས་པས་འཛིན་མའི་ཁྱོན་ཀུན་ཁྱབ།    །

བློ་གྲོས་ཆེན་པོ་ཞབས་པད་བརྟན་བཞུགས་གསོལ།    །

 

དེ་ལྟར་གསོལ་བ་བཏབ་པའི་བདེན་མཐུ་ཡིས།    །

རྗེ་བཙུན་བླ་མའི་ཞབས་པད་ཡུན་དུ་བརྟན།    །

འཇིག་རྟེན་དུས་ཀྱི་རྒུད་པ་ཀུན་ཞི་ནས།    །

བསྟན་དང་དེ་འཛིན་དར་རྒྱས་བཀྲ་ཤིས་ཤོག  །

 

ཞལ་གསུངས་སོ།    །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept