The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Khyentse Chökyi Lodrö Long-Life Prayer—Tibetan

English | བོད་ཡིག

༄༅། །ཞབས་བརྟན་འཆི་མེད་གྲུབ་པའི་དབྱངས་སྙན་ཞེས་བྱ་བ།

 

ཨོཾ་སྭསྟི།

རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་མཁྱེན༵་པའི་གཏེར། །

བརྩེ༵་ཆེན་སྤྱན་རས་གཟིགས་དང་རྣམ་དབྱེར་མེད། །

ནུས་པ་གསང་བ་འཛིན་པའི་དབ༵ང་པོ༵་དང་། །

དབྱེར་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། །

 

འཇ༵མ་དཔལ་དབྱང༵ས་དངོས་བླ་མའི་བྱིན་རླབས་ལས། །

སྙིགས་དུས་འགྲོ་བ་འདུལ་བའི་ཕྲིན་ལས་ཅན། །

བློ༵་གྲོས༵་ཐོས་བསམ་རྒྱ༵་མཚོའི༵་འབྱུང་གནས་མཆོག །

བཤད་སྒྲུབ་བསྟན་པའི་མགོན་དུ་ཞབས་བརྟན་གསོལ། །

 

སྐུ་ཚེ་འཆི་མེད་གྲུབ་པའི་ལང་ཚོ་རྒྱས། །

གསུང་གི་ཆོས་སྒྲས་ས་གསུམ་ཀུན་ཏུ་ཁྱབ། །

མཁྱེན་བརྩེའི་ཡེ་ཤེས་ཉི་ཟླའི་འོད་སྣང་གིས། །

འཛམ་གླིང་བཀྲ་ཤིས་དགེ་ལེགས་དཔལ་འབར་ཤོག །

 

ཅེས་པའང་སྔ་འགྱུར་བསྟན་པའི་གསལ་བྱེད་ཆེན་པོ་ཁྱུང་པོ་པཱ་ཏཱྃ་མཆོག་སྤྲུལ་རིན་པོ་ཆེའི་ཉེ་གནས་ཤེས་རབ་འོད་ཟེར་གྱིས་གསུང་བསྐུལ་གནང་ངོར་ཆོས་ཀྱི་བློ་གྲོས་པས་སྨོན་པ་དོན་དང་ལྡན་པར་གྱུར་ཅིག །

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept