Neten Chokling Pema Gyurme Long-Life Prayer—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།གནས་བརྟན་མཆོག་གླིང་པདྨ་འགྱུར་མེད།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

གནས་བརྟན་མཆོག་གླིང་པདྨ་འགྱུར་མེད།

Further information:
Download this text:

༄༅། །མཆོག་གླིང་སྐུ་སྐྱེའི་མཚན་འབུལ་ཞབས་བརྟན་པདྨ་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།  །

 

ཨོཾ་སྭསྟི།

རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་པདྨ༵་འབྱུང་།    །

འགྱུ༵ར་མེད༵་མཆོག་གྱུར་བདེ༷་ཆེན༷་གླིང་པ་ཡི།    །

རྣམ་རོལ་ངེས༵་དོན༵་གྲུབ་པའི་རྡོ་རྗེ་ཡི།    །

བྱིན་རླབས་སྤྲུལ་པའི་ཟླ་བ་གཞོན་ནུའི་སྐུ།    །

 

ཐེག༵་མཆོ༵ག་བསྟན༵་པ་འཛིན་པའི་བཤེས་གཉེན་དུ།    །

བསླབ་པ་གསུམ་གྱི་ལུས་སྟོབས་ཡོངས་སུ་རྫོགས།    །

མཁས་དང་གྲུབ་པའི་རྣམ་ཐར་ཟླ་མེད་པས།    །

ཐུབ་བསྟན་ཕྱོགས་བརྒྱར་འཕེ༵ལ་བར་མཛད་དུ་གསོལ།    །

 

དེ་ལ་འཁུ་བའི་མ་རུངས་འབྱུང་པོའི་ཚོགས།    །

དཔལ་ཆེན་རྡོ་རྗེ་གཞོན་ནུའི་མཐུ་སྟོབས་ཀྱིས།    །

མིང་གི་ལྷག་མར་བྱས་དང་ཆབས་ཅིག་ཏུ།    །

ཕྲིན་ལས་ནུས་པའི་རྩལ་ཤུགས་རྒྱས་པར་མཛོད།    །

 

ཚེ་དཔག་མེད་དང་ཡིད་བཞིན་འཁོར་ལོ་དང་།    །

རྣམ་པར་རྒྱལ་མ་མཚོ་སྐྱེས་རྡོ་རྗེ་སོགས།    །

ཚེ་ལྷ་རབ་འབྱམས་རྒྱ་མཚོའི་བྱིན་ནུས་ཀྱིས།    །

སྐུ་ཚེ་མི་ནུབ་ཡུན་དུ་བརྟན་གྱུར་ཅིག  །

 

ཅེས་གཏེར་འབྱིན་གྲུབ་པའི་སྤྱི་རྗེ་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པའི་ཡང་སྲིད་ཀྱི་སྤྲུལ་པའི་སྐུ་ཡི་མེ་ཏོག་གསར་དུ་བཞད་པ་ལ་པདྨ་འགྱུར་མེད་བདེ་ཆེན་ངེས་དོན་ཐེག་མཆོག་བསྟན་འཕེལ་ཞེས་པའི་མཚན་གྱི་དྲིལ་ཆེན་བསྒྲག་པ་དང་ཆབས་ཅིག་ཞབས་བརྟན་སྨོན་ཚིག་ཏུ་བྱས་པ་འདི་ཡང་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱེད་པོར་སྨོན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོས་རྫོང་སར་བཀྲ་ཤིས་ལྷ་རྩེ་རྗེ་ཐམས་ཅད་མཁྱེན་པའི་གཟིམས་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་ཏེ་ཕུལ་བ་འདི་བཞིན་གེགས་མེད་འགྲུབ་པར་བླ་མ་མཆོག་གསུམ་རྩ་གསུམ་རྒྱ་མཚོས་བྱིན་གྱིས་བརླབ་ཏུ་གསོལ།  ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept