Prayer to Khyentse Chökyi Lodrö—Tibetan

Practices › Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

༄༅། །གཡག་ཟེའི་ཚ་དབང་འགྱུར་མེད་བསྐུལ་ངོར་བྲིས་པའི་གསོལ་འདེབས།

 

ན་མོ་གུ་རུ།

སྲིད་ཞིའི་སྤྱི་དཔལ་ཀུན་བཟང་གདོད་མའི་མགོན།    །

སྙིགས་དུས་བདག་བློའི་མུན་པ་སེལ་བའི་གཉེན།    །

འཇམ་དབྱངས་བླ་མའི་ཡེ་ཤེས་སྒྱུ་འཕྲུལ་གར།    །

བློ་གྲོས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།    །

 

བྱང་ཆུབ་བར་དུ་འབྲལ་མེད་རྗེས་སུ་ཟུངས།    །

མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན།    །

རིག་སྟོང་འོད་གསལ་ཆོས་སྐུ་རྟོགས་པ་དང་།    །

འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་ཤོག  །

 

ཅེས་པ་འདི་ནི་གཡག་ཟེའི་ཚེ་དབང་འགྱུར་མེད་ནས་ཡང་ཡང་བསྐུལ་ངོར།  འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་སྤེལ་བ་དགེའོ།།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept