Pakchok Dorje Prayer—Tibetan

Practices › Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།སྲས་འཕགས་མཆོག་རྡོ་རྗེ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Sé Pakchok Dorje

Further information:
Download this text:

༄༅། །སྲས་འཕགས་མཆོག་རྡོ་རྗེ་ལ་གསོལ་འདེབས་བཞུགས།

 

ན་མོ་གུ་རུ།

རིག་སྟོང་འོད་གསལ་བདེ་ཆེན་ཕོ་བྲང་ནས།    །

རང་བྱུང་རིག་པའི་རྩལ་རྫོགས་ཆོས་ཀྱི་སྐུ།    །

ཀུན་བཟང་ཁྱབ་བདག་བླ་མར་གསོལ་བ་འདེབས།    །

ཀ་དག་ཁྲེགས་ཆོད་རྟོགས་པར་བྱིན་གྱིས་རློབས།    །

 

རང་མདངས་འགགས་མེད་རང་གསལ་གཞལ་ཡས་ནས།    །

ལྷུན་གྲུབ་ལོངས་སྐུའི་བླ་མར་གསོལ་བ་འདེབས།    །

འོད་གསལ་སྣང་བཞིའི་ལམ་མཆོག་མཐར་ཕྱིན་ནས།    །

འཇའ་ལུས་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས།    །

 

རིག་རྩལ་ཐུགས་རྗེ་སྤྲུལ་སྐུའི་ཞིང་ཁམས་ནས།    །

སྤྲུལ་སྐུ་ཀུན་བཟང་འཕགས་མཆོག་རྡོ་རྗེ་ལ།    །

དྲན་རིག་རྒྱུན་ཆད་མེད་པས་གསོལ་བ་འདེབས།    །

འགྲོ་དོན་དཔག་མེད་འབྱུང་བར་བྱིན་གྱིས་རློབས།    །

 

སྐྱབས་ཀུན་སྙིང་པོ་རང་རིག་བླ་མར་ཤེས།    །

སྐུ་གསུམ་ལྷུན་གྲུབ་གཞོན་ནུ་བུམ་སྐུའི་སྦུབས།    །

གཞོམ་མེད་རྡོ་རྗེའི་ངོ་བོར་མངོན་བྱང་ཆུབ།    །

སྲིད་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག  །

 

ཅེས་པའང་བློ་གྲོས་རྒྱ་མཚོས་གང་ཤར་བྲིས་པ་དགེ།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept