Siṃhamukhā Lineage Prayer—Tibetan

Deities › Siṃhamukhā | Practices › Lineage Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Siṃhamukhā

༄༅། །སེང་གདོང་བརྒྱུད་འདེབས་བཞུགས།

 

སྲིད་ཞིའི་ཁྱབ་བདག་ཀུན་བཟང་ཧེ་རུ་ཀ །

ཡེ་ཤེས་ཌཱ་ཀི་སེང་གདོང་བི་མ་ལ། །

པདྨ་འབྱུང་གནས་མངའ་བདག་ཁྲི་སྲོང་རྗེ། །

གསོལ་བ་འདེབས་སོ་བྱད་གདོན་གཡུལ་འཇོམས་ཤོག །

 

བེ་རོ་ནམ་སྙིང་ལང་གྲོ་དཀོན་མཆོག་འབྱུང་། །

མཁྱེན་བརྩེའི་དབང་པོ་ཡེ་ཤེས་རྡོ་རྗེ་དང་། །

ཆོས་བདག་རིག་འཛིན་རྩ་བརྒྱུད་བླ་མ་ལ། །

གསོལ་བ་འདེབས་སོ་བྱད་གདོན་གཡུལ་འཇོམས་ཤོག །

 

ཕ་རོལ་དགྲ་གདོན་སྲུང་བའི་གུར་ཁང་བརྟན། །

བཟློག་པའི་མཚོན་ཆས་བྱད་མ་ཐལ་བར་རློག །

རྣམ་ཤེས་དབྱིངས་སྒྲོལ་རང་རིག་ཡེ་ཤེས་ཀྱི། །

དྷ་ཀིའི་ངོ་བོར་མངོན་པར་བྱང་ཆུབ་ཤོག །

 

ཅེས་པའང་འཁྲུལ་ཞིག་རིན་པོ་ཆེའི་གསུང་ངོར་པདྨ་ཡེ་ཤེས་རྡོ་རྗེས་གང་དྲན་བྲིས་པའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept