བླ་མ་ཡང་ཏིག་གི་གསོལ་འདེབས་ཁ་སྐོང་།
བརྒྱུད་འདེབས།
རྫོགས་ཆེན།
སྙིང་ཐིག་ཡ་བཞི།
བླ་མ་ཡང་ཏིག
བོད་ཀྱི་བླ་མ།
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།
༄༅། །བླ་མ་ཡང་ཏིག་གི་གསོལ་འདེབས་ཁ་སྐོང་།
འཇམ་མགོན་འཕྲོར།
རིག་འཛིན་སྤྱི་རྗེ་པདྨ་བི་ཛ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
འཁོར་འདས་གཉིས་འཛིན་རྟོག་པ་རང་གྲོལ་དུ། །
ད་ལྟ་ཉིད་དུ་འགྱུར་བར་བྱིན་གྱིས་རློབས། །
པདྨ་དྲི་མེད་ལེགས་པའི་བློ་གྲོས་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
གཞི་གྲོལ་རིག་པ་སྒྲིབ་མེད་མངོན་སུམ་དུ། །
ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །
སྤྲུལ་པའི་སྐུ་མཆོག་བློ་གྲོས་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
འཆི་མེད་གཉུག་མ་མི་ཤིག་རྡོ་རྗེའི་རྫོང་། །
ད་ལྟ་ཉིད་དུ་ཟིན་པར་བྱིན་གྱིས་རློབས། །
ཅེས་པའང་དྷརྨ་མ་ཏིས་སོ།། །།
