Aspiration for Electric Lamps—Tibetan

Practices › Aspiration PrayersLight Offering Prayers | བོད་ཀྱི་བླ་མ།འཇིགས་མེད་བསྟན་པའི་དབང་ཕྱུག

English | བོད་ཡིག

འཇིགས་མེད་བསྟན་པའི་དབང་ཕྱུག

An electric offering lamp

Further information:
Download this text:

༄༅། །གློག་སྒྲོན་སྨོན་ཚིག་བཞུགས།

 

ཉི་ཟླའི་འོད་ལྟར་གསལ་ལ་མུན་སེལ་ཞིང་། །

ཚིགས་པའི་དྲི་དང་དུ་བས་བསྣོགས་པ་མེད། །

གཙང་ཞིང་ཡིད་འོང་གློག་གི་སྒྲོན་མེ་འདི། །

རྒྱལ་བ་སྲས་དང་བཅས་ལ་གུས་པས་འབུལ། །

 

སྟོང་གསལ་ཆོས་དབྱིངས་མཁའ་ལས་བྱུང་པ་ཡི། །

དྭངས་གསལ་མ་འདྲེས་ཡེ་ཤེས་འོད་འབར་བ། །

ཏིང་འཛིན་འཕྲུལ་གྱིས་བཀུག་པའི་གློག་འོད་འདིས། །

མ་རིག་འཁོར་བའི་རྩ་བ་གཞོམ་གྱུར་ཅིག །

 

ཅེས་གློག་བཟོའི་སྒྲོན་མེ་འབུལ་བྱེད་སྨོན་ཚིག་ཏུ། ༧གུང་ཐང་བསྟན་པའི་དབང་ཕྱུག་ཏུ་འབོད་པའི་བྲིས་པ་དགེ།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept