མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས།
གསོལ་འདེབས།
བོད་ཡུལ།
བསམ་ཡས་མཆིམས་ཕུ།
བོད་ཀྱི་བླ་མ།
ཇོ་སྐྱབས་པདྨ་འཕྲིན་ལས་སྙིང་པོ།
འཕགས་ཡུལ་གྱི་སྐྱེས་བུ་དམ་པ།
ཞི་བ་འཚོ།
པདྨ་འབྱུང་གནས།
ཁྲི་སྲོང་ལྡེ་བཙན།
རྒྱལ་བ་མཆོག་དབྱངས།
༄༅། །མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས།
བླ་མ་སྐུ་གསུམ་སྐུ་ལྔ་མཚན་མཆོག་བརྒྱད། །
མཁན་སློབ་ཆོས་གསུམ་རྗེ་འབངས་ཉེར་ལྔའི་ཚོགས། །
ཁྱད་པར་རིག་འཛིན་རྒྱལ་བ་མཆོག་དབྱངས་ལ། །
གསོལ་བ་འདེབས་སོ་བྱིན་གྱིས་རླབས་ཏུ་གསོལ། །
སོ་ཐར་ཚུལ་ཁྲིམས་མཁན་ཆེན་རྗེ་དང་མཉམ། །
བྱང་སེམས་གཞན་ཕན་ཆོས་རྒྱལ་རྗེ་དང་མཉམ། །
གསང་ཆེན་གྲུབ་མཐའ་སློབ་དཔོན་རྗེ་དང་མཉམ། །
བདག་སོགས་སྐྱབས་གནས་རྗེ་དང་མཉམ་པར་ཤོག །
ཅེས་རྟེན་བཅས་པདྨའི་རིག་པ་འཛིན་པའི་ངོར། སྤྲེལ་ཟླའི་༥ཚེས་༢༥བཅུའི་ཚོགས་མཆོད་དང་འབྲེལ་པདྨ་ཕྲིན་ལས་སྙིང་པོས་དཔལ་གྱི་བསམ་ཡས་མཆིམ་ཕུར་སྦྱར་བ་དགེ་ལེགས་འཕེལ།། །།
