བསྟན་དར་སྲོལ་འབྱེད་རྣམ་གསུམ་གྱི་གསོལ་འདེབས།
༄༅། །བསྟན་དར་སྲོལ་འབྱེད་རྣམ་གསུམ་གྱི་གསོལ་འདེབས།
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱི༔
བསྟན་པ་སྔ་དར་སྲོལ་བཏོད་སྲོང་བཙན་སྒོམ། །
འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །
ཚད་མེད་ཐུགས་རྗེས་འཁོར་བ་དོང་ནས་སྤྲུགས། །
གཞན་དོན་གཟུགས་སྐུ་རྒྱུན་མི་འཆད་པར་ཤོག །
བསྟན་པ་བར་དར་རྒྱས་བྱེད་པདྨ་འབྱུང་། །
གྲུབ་ཆེན་བརྒྱད་ཅུར་བཅས་ལ་གསོལ་བ་འདེབས། །
ཟག་མེད་འཕོ་ཆེན་འཇའ་ལུས་འོད་སྐུར་གྲོལ། །
རང་དོན་ཚེ་གཅིག་མངོན་སངས་རྒྱས་པར་ཤོག །
བསྟན་པ་ཕྱི་དར་སྲོལ་འབྱེད་ཇོ་བོ་རྗེ། །
སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །
བླ་མེད་བྱང་ཆུབ་ལམ་རིམ་མཐར་སོན་ཏེ། །
འབྲེལ་ཚད་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །
ཅེས་བྲག་ཡེར་པ་ཟླ་བ་ཕུག་གི་གནས་སུ་ཐུགས་རྗེ་ཆེན་པོའི་ཚོགས་མཆོད་གྲུབ་རྗེས་གསོལ་སྨོན་ཇོ་བོས་བཏབ་པ་དགེའོ། །དགེའོ། །དགེའོ། །
