Brief Vajraṇakhī Dhāraṇī—Tibetan

Deities › Vajraṇakhī | Literary Genres › Dhāraṇī | བོད་ཀྱི་བླ་མ།ཀརྨ་ཆགས་མེད།

English | Deutsch | བོད་ཡིག

ཀརྨ་ཆགས་མེད།

Vajraṇakhī

Further information:
Download this text:

༄༅། །དཔལ་རྡོ་རྗེ་སྡེར་མོ་བསྡུས་པའི་གཟུངས་བཞུགས།

 

དཀོན་མཆོག་གསུམ་དང་ཁྲོ་མོ་རྡོ་རྗེ་སྡེར་མོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །

བདག་ཅག་ལ་ནད་གདོན་དང༌།

རྐྱེན་དང་བར་གཅོད་ཐམས་ཅད་དང་།

བསམ་པ་ངན་ཞིང་སྦྱོར་བ་རྩུབ་པ།

རྗེ་དཔོན་དང་ཡུལ་མིའི་དགྲ་སྡང་བ་དང༌།

ཕ་ཚན་དང༌། སྤུན་ཟླ་དང༌། ཞང་ཉེ་དང༌། མ་སྲུ་གྲོགས་དང༌།

མག་པ་ཚ་སྤུག་བྲན་ཁོལ་དང་། ཁྱིམ་མཚེས་ཀྱི་དགྲ་སྡང་བ་ཐམས་ཅད་རིག་སྔགས་འདིས་བཅད་དོ། །

ཕུར་བུས་གདབ་བོ། །

ཐོ་བས་བརྡུང་ངོ་། །

ཕྱག་རྒྱས་མནན་ནོ། །

ན་མཿས་མནྟ་བུདྡྷཱ་ནཱཾ། ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ནཱཾ།

ཨོཾ་གྷ་གྷ་གྷཱ་ཏཱ་ཡ་གྷཱ་ཏཱ་ཡ། སརྦ་དུཥྚཾ་མཱ་ར་ཡ།

བདག་ལ་སྔ་དགྲ་ལག་ལ་བརྡར་བ་དང་།

ཕྱི་དགྲ་ཡིད་ལ་སེམས་པ་དང་།

ད་དགྲ་ཁྱི་ལྟར་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ཕཊ་ཕཊ།

ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཧཱུྃ་ཧཱུྃ།

བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་རོ་ད་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ།

ཨོཾ་ཨ་ཀྲོ་དྷེ་ཀ་མུདྒ་ར་ཧཱུྃ་ཕཊ།

ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ། ཛ་ཊི་ལམྦོ་དྷ་རི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ།

དཔལ་དང་ལྡན་པའི་རྡོ་རྗེ་སྡེར་མོ་ཁྱོད། །

མཁའ་མཉམ་བདེ་ལ་རོལ་མཛད་ཁྲོ་མོའི་སྐུ། །

ཆགས་པའི་མདངས་ཀྱིས་ཁྲོ་བོའི་སྐུ་ལ་འཁྲིལ། །

དཔལ་ལྡན་མཁའ་འགྲོ་ཁྱོད་ལ་ཕྱག་འཚལ་བསྟོད། །

 

ཅེས་པ་འདི་ཀརྨ་ཨ་རཱ་གས་སྦྱར་བ་དགེ་ལེགས་འཕེལ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept