བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྫོགས་ཆེན་སྨོན་ལམ།

English | བོད་ཡིག

༄༅། །རྫོགས་ཆེན་སྨོན་ལམ་བཞུགས།

 

ཨེ་མ་ཧོ།

ཡེ་གདངས་དོན་གྱི་འོད་གསལ་སྙིང་པོའི་དོན། །

བཅོས་བསླད་དགག་སྒྲུབ་བྲལ་བ་ཆོས་སྐུའི་ཞལ། །

ཡོད་མེད་འགལ་འདུ་གཅིག་དང་དུ་མ་སོགས། །

མཐའ་བརྒྱད་བྲལ་བའི་རིག་སྟོང་ཟངས་མ་ཐལ། །

ཀ་དག་གཞི་ཡི་རང་གདངས་མངོན་གྱུར་ཤོག །

 

ཡེ་དག་བལྟ་བྱ་བྲལ་བའི་ལྟ་བ་དང༌། །

སྤང་བླང་རྩོལ་སྒྲུབ་བྲལ་བའི་སྒོམ་པ་དང༌། །

རེ་དོགས་གཟའ་གཏད་བྲལ་བའི་སྤྱོད་པ་སྟེ། །

ལམ་གྱི་འོད་གསལ་གོལ་འཆུག་བྲལ་བར་ཤོག །

 

རང་བྱུང་དོན་གྱི་གནས་ལུགས་ཆེན་པོའི་ངང༌། །

སྐུ་བཞི་ཡེ་ཤེས་ལྔ་སོགས་འབྲས་ཆོས་རྣམས། །

མཁའ་ལ་འཇའ་ཚོན་ཤར་བ་ཇི་བཞིན་དུ། །

ཀ་དག་གཉུག་མའི་ངང་དུ་ཡེ་ནས་རྫོགས། །

འོད་གསལ་འབྲས་བུའི་རང་གདངས་མངོན་གྱུར་ཤོག །

 

ཅེས་པའང་རྒྱ་སྤྲུལ་སྐུ་བྱང་ཆུབ་དཔལ་གྱིས་ཡང་ཡང་བསྐུལ་ངོར་སྤྲང་རྒན་བསྟན་མིང་པས་བྲིས་སོ།། །།

 

ཁང་སར་བསྟན་པའི་དབང་ཕྱུག

ཁང་སར་བསྟན་པའི་དབང་ཕྱུག

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept