བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།

English | བོད་ཡིག

༄༅། །གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།

 

ཨོཾ་ཨཿཧཱུྃ།

གདོད་མའི་མགོན་པོ་ཡབ་ཡུམ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཪང་བྱུང་སེམས་ཉིད་འོད་གསལ་སྙིང་པོའི་དོན། །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

ལྷུན་གྲུབ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

རང་གསལ་ཡེ་ཤེས་སྒྲོན་མེ་གཅིག་པོ་ཆེ། །

ད་ལྟ་ཉིད་དུ་མཐོང་བར་བྱིན་གྱིས་རློབས། །

 

བདེ་ཆེན་རྒྱལ་པོ་རྡོ་རྗེ་འཆང་ཆེན་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

འཁོར་འདས་གཞི་གྲོལ་སེམས་ཉིད་ཆོས་སྐུའི་དོན། །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

ཡེ་ཤེས་སྒྱུ་མ་རྡོ་རྗེ་སེམས་དཔའ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

མི་འགྱུར་ལྷུན་གྲུབ་བདེ་ཆེན་འོག་མིན་དུ། །

ད་ལྟ་ཉིད་དུ་བསྒྲོད་པར་བྱིན་གྱིས་རློབས། །

 

དཀྱིལ་འཁོར་མངའ་བདག་ཕྱག་ན་རྡོ་རྗེ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

གསང་སྔགས་རྒྱལ་པོ་ཚེ་གཅིག་སངས་རྒྱས་ལམ། །

ད་ལྟ་ཉིད་དུ་ཕྱིན་པར་བྱིན་གྱིས་རློབས། །

 

རྒྱལ་བའི་རྣམ་འཕྲུལ་དགའ་རབ་རྡོ་རྗེ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

གདོས་བཅས་ཕུང་པོ་ཡེ་ཤེས་འོད་ལུས་སུ། །

ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །

 

མཁྱེན་རབ་སྤྲུལ་པ་འཇམ་དཔལ་བཤེས་གཉེན་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ལས་དང་ཉོན་མོངས་སྡུག་བསྔལ་རྒྱ་མཚོ་ལས། །

ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །

 

བློ་མཆོག་མངའ་བ་ཤྲཱི་སེང་ཧ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཆོས་ཚུལ་རྒྱ་མཚོ་གསུང་རབ་ནོར་བུའི་གླིང་། །

ད་ལྟ་ཉིད་དུ་བསྒྲོད་པར་བྱིན་གྱིས་རློབས། །

 

དངོས་གྲུབ་མཆོག་བརྙེས་ཛྙཱ་ན་སཱུ་ཏྲ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

མཆོག་དང་ཐུན་མོང་དངོས་གྲུབ་ཡིད་བཞིན་གཏེར། །

ད་ལྟ་ཉིད་དུ་གྲུབ་པར་བྱིན་གྱིས་རློབས། །

 

མཁས་གྲུབ་ཆེན་པོ་བི་མ་མི་ཏྲ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

མངོན་སུམ་འོད་གསལ་སྣང་བ་རྣམ་པ་བཞི། །

ད་ལྟ་ཉིད་དུ་འབྱོང་བར་བྱིན་གྱིས་རློབས། །

 

རང་བྱུང་ཡེ་ཤེས་པདྨ་འབྱུང་གནས་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

བགེགས་དང་ལོག་འདྲེན་བར་ཆད་མ་ལུས་པ། །

ད་ལྟ་ཉིད་དུ་ཞི་བར་བྱིན་བྱིས་རློབས། །

 

སེམས་པ་ཉིད་དབང་ཏིང་འཛིན་བཟང་པོ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཉིན་མཚན་གཉིས་མེད་འོད་གསལ་ཆེན་པོའི་ངང་། །

ད་ལྟ་ཉིད་དུ་འབྱོང་བར་བྱིན་གྱིས་རློབས། །

 

ཚོགས་ཆེན་གཉིས་རྫོགས་ཆོས་རྒྱལ་ཆེན་པོ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཕགས་པའི་ནོར་བདུན་ཡོན་ཏན་རྒྱལ་སྲིད་མཆོག། །

ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་རློབས། །

 

ཐར་གླིང་སྣང་མཛད་ལྡང་མ་ལྷུན་རྒྱལ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

འགྲོ་ཀུན་ཕྱམ་གཅིག་བྱང་ཆུབ་སྙིང་པོའི་སར། །

ད་ལྟ་ཉིད་དུ་བསྒྲོད་པར་བྱིན་གྱིས་རློབས། །

 

འོད་གསལ་ལྷུན་གྲུབ་སེང་གེ་དབང་ཕྱུག་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

འཁྲུལ་སྣང་ཟད་པར་གདོད་མའི་གཞི་དབྱིངས་སུ། །

ད་ལྟ་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །

 

བདེ་ཆེན་རྒྱལ་པོ་རྒྱལ་བ་ཞང་སྟོན་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན། །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

གསུང་རབ་མཛོད་འཛིན་མཁས་པ་ཉི་འབུམ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཡེ་ཤེས་ཉི་མས་མ་རིག་མུན་པའི་ཚོགས། །

ད་ལྟ་ཉིད་དུ་སངས་པར་བྱིན་གྱིས་རློབས། །

 

དམ་ཆོས་རྒྱས་མཛད་གུ་རུ་ཇོ་བེར་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

གཞན་དོན་རྫོགས་པའི་ཕྲིན་ལས་རླབས་པོ་ཆེ། །

ད་ལྟ་ཉིད་དུ་གྲུབ་པར་བྱིན་གྱིས་རློབས། །

 

གཟུང་འཛིན་འཁྲུལ་ཞིག་་སེང་གེ་རྒྱབ་པ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

འཁོར་བའི་འཁྲུལ་པ་ཚེ་འདིའི་ཞེན་པ་ནུབ། །

ད་ལྟ་ཉིད་དུ་ཟད་པར་བྱིན་གྱིས་རློབས། །

 

དངོས་གྲུབ་མཆོག་བརྙེས་གྲུབ་ཆེན་མེ་ལོང་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

དོན་གཉིས་ལྷུན་གྲུབ་འོད་གསལ་ཆོས་ཉིད་ངང། །

ད་ལྟ་ཉིད་དུ་ཕྱིན་པར་བྱིན་གྱིས་རློབས། །

 

རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

རྟོགས་པའི་འོད་འབར་ཐུགས་རྗེའི་སྤྲིན་དཔུང་མཆོག། །

ད་ལྟ་ཉིད་དུ་འབར་བར་བྱིན་གྱིས་རློབས། །

 

འོད་གསལ་སྒྱུ་མ་སྣ་ཚོགས་རང་གྲོལ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

སྣང་སྲིད་སྣོད་བཅུད་རྨི་ལམ་སྒྱུ་མ་རུ། །

ད་ལྟ་ཉིད་དུ་འབྱོངས་པར་བྱིན་གྱིས་རློབས། །

 

༈ ཉེ་བརྒྱུད་ལྟར་གསོལ་འདེབས།

གྲུབ་བརྒྱའི་སྤྱི་མེས་འཇིགས་མེད་གླིང་པ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

རང་བྱུང་ཡེ་ཤེས་གསལ་འགྲིབ་མེད་པའི་དོན། །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

སྙིང་རྗེའི་དབང་ཕྱུག་རྒྱལ་བའི་མྱུ་གུ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཚེ་འདིར་རྩེ་གཅིག་སྒྲུབ་ལ་བརྩོན་པ་དང༌། །

གདོད་མའི་ཟད་སར་ཕྱིན་པར་བྱིན་གྱིས་རློབས། །

 

རྒྱལ་སྲས་འཇིགས་མེད་ཆོས་ཀྱི་དབང་པོ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཆོས་བརྒྱད་ཀུན་རྟོག་འཁྲུལ་པའི་བྱ་བ་ཀུན། །

བྱར་མེད་དབྱིངས་སུ་ཞི་བར་བྱིན་གྱིས་རློབས། །

 

གདོད་མའི་མགོན་པོ་བསྟན་པའི་ཉི་མ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

གསང་ཆེན་འོད་གསལ་སྙིང་པོའི་གསང་ལམ་ནས། །

ཚེ་གཅིག་འོད་སྐུར་གྲོལ་བར་བྱིན་གྱིས་རློབས། །

 

བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་ཀྱིས། །

དོན་བརྒྱུད་འཕོ་བ་ཐོབ་པར་བྱིན་གྱིས་རློབས། །

 

ཅེས་པའང་སྙིང་ཏིག་བརྒྱུད་པའི་གྲལ་མཐའ་བ་སྤྲང་བྷུ་སུ་ཀུ་སྙོམས་ལས་ཅན་ཅོལ་ཆུང་མགོ་ཡང་སྣང་མཐོ་མདོ་མེད་བསྟན་པའི་བྱ་བ་ལ་ལྷག་བསམ་དཀར་བ་དེས་བྲི་མདོག་བྱས་པ་ཀུན་ལ་ཁ་དགེ་བར་གྱུར་ཅིག། །།

 

མཁན་ཆེན་ངག་དབང་དཔལ་བཟང་།

Samantabhadra & Samantabhadrī

གནས་ཚུལ་འཕར་མ།

BDRC Author Profiles: P724 P1583

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept