The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Nyoshul Lungtok Prayer—Tibetan

English | བོད་ཡིག

༄༅། །ལུང་རྟོགས་བསྟན་པའི་ཉི་མའི་གསོལ་འདེབས།

 

ན་མོ་ཀུན་མཁྱེན་བླ་མ་སྒྱུ་འཕྲུལ་རོལ་བའི་གར། །

ལྔ་བརྒྱའི་འགྲོ་བའི་མགོན་གཅིག་བསྟན་པའི་དཔལ། །

གསང་ཆེན་བསྟན་པའི་བདག་པོ་བླ་མ་རྗེ། །

བསྟན་པའི་ཉི་མའི་ཞབས་ལ་གསོལ་བ་འདེབས། །

 

འོད་གསལ་རྫོགས་པ་ཆེན་པོའི་གསང་ལམ་ནས། །

ཚེ་གཅིག་ཆོས་ཟད་གདོད་མའི་དབྱིངས་སུ་གཤེགས། །

གདོད་མའི་མགོན་དང་ཞལ་མི་གཉིས་པ་ཡི། །

བསྟན་པའི་ཉི་མའི་ཞབས་ལ་གསོལ་བ་འདེབས། །

 

པཎ་ཆེན་དྲི་མེད་བཤེས་གཉེན་འགྲོ་བའི་མགོན། །

མངོན་སྣང་ཐེག་མཆོག་གསལ་བའི་སྒྲོན་མེ་ཆེ། །

ཐུགས་རྗེ་རླབས་ཆེན་གཞན་དང་མཚུངས་མེད་པའི། །

བསྟན་པའི་ཉི་མའི་ཞབས་ལ་གསོལ་བ་འདེབས། །

 

གསོལ་བ་འདེབས་སོ་དགོངས་པའི་རྩལ་ཆེན་གྱིས། །

བྱིན་བརྒྱུད་བུ་ལ་སྩོལ་ཅིག་རིན་པོ་ཆེ། །

རྩོལ་མེད་གནས་ལུགས་ལྟ་བའི་རང་ངོ་མཐོང༌། །

འཛིན་མེད་སྒོམ་པ་གོལ་ས་དབྱིངས་སུ་ཆོད། །

ཞེན་མེད་སྤྱོད་པའི་གེགས་འཕྲང་རང་སར་ཞི། །

གདོད་མའི་གྲུབ་མཐའ་སྙོགས་པར་བྱིན་གྱིས་རློབས། །

 

མཁན་ཆེན་ངག་དབང་དཔལ་བཟང་།

སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ།

Further information:

BDRC Author Profiles: P724 P5999

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept