A Shower of Blessings—Tibetan
༄༅། །གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས།
ཨོཾ། སྐྱོབས་པ་སངས་རྒྱས་འོད་དཔག་མེད། །
གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །
ཐུགས་ཀྱི་དགོངས་པས་བྱིན་གྱིས་རློབས། །
ཐུགས་རྗེས་འཇུག་པས་མ་བཏང་ཅིག །
ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །
གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །
ཐུགས་ཀྱི་དགོངས་པས་བྱིན་གྱིས་རློབས། །
ཐུགས་རྗེས་འཇུག་པས་མ་བཏང་ཅིག །
རྣམ་སྤྲུལ་ལྷ་མོ་ཉི་ཤུ་གཅིག །
གུས་པའི་ཡིད་ཀྱི་གསོལ་བ་འདེབས། །
ཐུགས་ཀྱི་དགོངས་པས་བྱིན་གྱིས་རློབས། །
ཐུགས་རྗེས་འཇུག་པས་མ་བཏང་ཅིག །
སེར་སྔོ་བསོད་ནམས་མཆོག་སྟེར་མ། །
གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །
ཐུགས་ཀྱི་དགོངས་པས་བྱིན་གྱིས་རློབས། །
ཐུགས་རྗེས་འཇུག་པས་མ་བཏང་ཅིག །
ལྷ་ཅིག་འཕགས་མ་གོ་འཇོ་ལ། །
གུས་པའི་ཡིད་ཀྱི་གསོལ་བ་འདེབས། །
ཐུགས་ཀྱི་དགོངས་པས་བྱིན་གྱིས་རློབས། །
ཐུགས་རྗེས་འཇུག་པས་མ་བཏང་ཅིག །
རིག་འཛིན་ངག་གི་དབང་པོ་ལ། །
གུས་པའི་ཡིད་ཀྱི་གསོལ་བ་འདེབས། །
ཐུགས་ཀྱི་དགོངས་པས་བྱིན་གྱིས་རློབས། །
ཐུགས་རྗེས་འཇུག་པས་མ་བཏང་ཅིག །
བླ་མ་ཡི་དམ་འཕགས་པའི་ཚོགས། །
སོ་སོར་སྣང་ཡང་ངོ་བོ་གཅིག །
ཕྱོགས་རིས་མ་ཆད་སྤྲུལ་པར་ཤར། །
བླ་མ་འཕགས་པ་དབྱེར་མེད་ལ། །
གུས་པའི་ཡིད་ཀྱི་གསོལ་བ་འདེབས། །
ཐུགས་ཀྱི་དགོངས་པས་བྱིན་གྱིས་རློབས། །
ཐུགས་རྗེས་འཇུག་པས་མ་བཏང་ཅིག །
བདག་གི་སྐྱེ་དང་ཚེ་རབས་སུ། །
འཕགས་མ་ཁྱེད་དང་མི་འབྲལ་བར། །
ཐུགས་ཀྱི་དགོངས་པས་བྱིན་རླབས་ཤིང༌། །
བྱང་ཆུབ་སེམས་ལ་དབང་འབྱོར་ཞིང༌། །
རྒྱལ་སྲས་སྤྱོད་པ་ཕར་ཕྱིན་དྲུག །
ཉིན་མཚན་མེད་པར་ཉམས་བླངས་ནས། །
བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །
ཞིང་རྣམས་རྒྱ་མཚོ་རབ་སྦྱངས་ཞིང༌། །
སེམས་ཅན་རྒྱ་མཚོ་སྨིན་བྱས་ཏེ། །
འཕགས་མ་ཉིད་དང་དབྱེར་མེད་པར། །
དགོངས་སྤྱོད་རྒྱ་མཚོ་མཉམ་པར་ཤོག །
ཅེས་པའང་ཚེ་རབས་རྗེས་འཛིན་དང་འབྲེལ་བའི་གསོལ་འདེབས་པདྨ་ལས་འབྲེལ་རྩལ་གྱིས་སོ།། །།
