གཉུག་མའི་རང་ཞལ་མཐོང་བའི་གསོལ་འདེབས།
༄༅། །གཉུག་མའི་རང་ཞལ་མཐོང་བའི་གསོལ་འདེབས།
དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །
འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་བི་མ་ལའི། །
ཡེ་ཤེས་སྒྱུ་མའི་གར་མཁན་ངག་གི་དབང༌། །
རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །
ལམ་རྒྱུད་སྨིན་བྱེད་དབང་གིས་རྒྱུད་སྨིན་ཅིང༌། །
བསྐྱེད་རྫོགས་ལམ་ལ་བརྟན་པ་མཐར་ཕྱིན་ནས། །
སེམས་ཉིད་རང་བཞིན་འོད་གསལ་རྫོགས་པ་ཆེའི། །
གཉུག་མའི་རང་ཞལ་མཐོང་བར་བྱིན་གྱིས་རློབས། །
གོ་འཇོ་བདེ་ཆེན་ངོར་བྲིས་པ་དགེའོ།།
