བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

འཛད་མེད་སིམ་བྱེད།

English | བོད་ཡིག

༄༅། །འཛད་མེད་སིམ་བྱེད།

 

ཨོཾ་ཨཱཿཧཱུྃ།

རིག་སྟོང་ཟུང་འཇུག་གདོད་མའི་སྐུ། །

ཆོས་སྐུའི་བླ་མ་ཀློང་ཆེན་པ། །

གསོལ་བ་འདེབས་སོ་ཐུགས་རྗེས་བཟུང༌། །

ལྟ་བ་རྟོགས་བར་བྱིན་གྱིས་རློབས། །

 

གསལ་སྟོང་དབྱེར་མེད་ལས་འབྲེལ་རྩལ། །

གསོལ་བ་འདེབས་སོ་ཐུགས་རྗེས་བཟུང༌། །

སྒོམ་པ་གོམས་པར་བྱིན་གྱིས་རློབས། །

 

སྒྱུ་འཕྲུལ་རོལ་མོ་ངག་གི་དབང༌། །

གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །

སྤྱོད་པ་མཐར་ཕྱིན་བྱིན་གྱིས་རློབས། །

 

ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །

རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །

ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ། །

སྐུ་གསུམ་བླ་མར་གསོལ་བ་འདེབས། །

 

བརྒྱུད་གསུམ་བླ་མས་ཐུགས་རྗེས་ཟུངས། །

གསོལ་བ་འདེབས་སོ་རིག་འཛིན་ཚོགས། །

བྱིན་གྱིས་རློབས་ཤིག་མཁའ་འགྲོ་རྣམས། །

རིག་པ་རྗེན་པ་རྣམ་རྟོག་བྲལ། །

ཀློང་གྲོལ་ཡངས་པ་ཆེན་པོ་ཉིད། །

མྱུར་དུ་རྟོགས་པར་བྱིན་གྱིས་རློབས། །

 

མ་བཅོས་བཏང་བཞག་བྲལ་བའི་དབྱིངས། །

གཉུག་མ་ལྷུན་མཉམ་ཆེན་པོའི་མལ། །

མ་བཅོས་སུམ་ལྡན་སྒོམ་པའི་ཀློང༌། །

མྱུར་དུ་ཕྱིན་པར་བྱིན་གྱིས་རློབས། །

 

ཆོས་ཉིད་ཕྱམ་གདལ་ཡངས་པའི་ཀློང༌། །

རང་གྲོལ་ཤར་གྲོལ་ཅེར་གྲོལ་ངང༌། །

གཉེན་པོའི་རྩོལ་བ་བྲལ་བའི་ཀློང༌། །

སྤྱོད་པ་མཐར་ཕྱིན་བྱིན་གྱིས་རློབས། །

 

ཡེ་ཤེས་དྲི་མ་མེད་པའི་དབྱིངས། །

གློ་བུར་མུན་པ་དབྱིངས་སུ་ཡལ། །

ཡེ་ནས་གཞི་རྫོགས་ཆོས་སྐུའི་ཀློང༌། །

སྐུ་གསུམ་ཡོངས་གྲོལ་བྱིན་གྱིས་རློབས། །

 

ཚུལ་འདི་དད་པའི་སྤྲིན་གཞོན་གྱིས། །
བསྐུལ་ངོར་ཉི་མཁའ་ཡངས་པའི་མཁར། །
ཐུགས་རྗེ་བདུད་རྩིའི་སྤྲིན་ཕུང་ལས། །
འཛད་མེད་སིམ་བྱེད་ཅུང་སྤྲོས་སོ།།

 

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept