Penor Rinpoche Long Life Prayer—Tibetan

Long Life Prayers | Tibetan Mastersམཁན་ཆེན་འཇིགས་མེད་ཕུན་ཚོགས།

English | བོད་ཡིག

མཁན་ཆེན་འཇིགས་མེད་ཕུན་ཚོགས།

Drubwang Penor Rinpoche

Further Information:
Download this text:

༄༅། །གྲུབ་པའི་དབང་ཕྱུག་པདྨ་ནོར་བུའི་ཞབས་བརྟན།

 

མགོན་ཁྱོད་གྲངས་མེད་བསྐལ་པའི་སྔོན་རོལ་ནས། །

དཔལ་ཆེན་འདུས་པའི་ངོ་བོར་བྱང་ཆུབ་ཀྱང་། །

ཐབས་མཁས་མཛད་པའི་ཆོ་འཕྲུལ་དཔག་ཡས་ལས། །

ཞིང་འདིར་བཤེས་གཉེན་མཆོག་གི་སྐུར་སྣང་བ། །

གྲུབ་པའི་དབང་ཕྱུག་པདྨ་ནོར་བུ་ཉིད། །

ཚེ་མཐའ་ཡས་པའི་ངོ་བོར་འཚོ་བཞེས་གསོལ། །

མཆོག་གསུམ་རྩ་གསུམ་སྲུང་མའི་བདེན་མཐུ་ཡིས། །

གང་གི་ཐུགས་ལ་བརྣག་པའི་དོན་མཐའ་དག །

བདེ་བླག་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །

དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང་། །

བཤད་དང་སྒྲུབ་ལ་རྟག་ཏུ་སྦྱོར་བ་དང་། །

འགྲོ་ཀུན་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །

 

ཅེས་པ་འདི་ནི་མགོན་པོ་གང་གི་ཞབས་འོག་ཏུ་ཚུད་པ་མཁན་པོ་རྣམ་གྲོལ་མཆོག་ནས་སྔོན་རྗེས་ཡང་ཡང་གསོལ་བ་བཏབ་པ་བཞིན་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ཟླ༦ཚེས༦་ལ་རབ་བྱུང་པདྨ་རྒྱལ་པོའི་རྫུ་འཕྲུལ་གྱི་བཀོད་པ་ཚད་ལས་འདས་པའི་གནས་ཁྱད་དུ་འཕགས་པ་མཚོ་པདྨའི་འགྲམ་དུ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་ཐོལ་བྱུང་དུ་སྨྲས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།