བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

གནད་ཀྱི་ཚིག་གསུམ།

English | བོད་ཡིག

༄༅། །གནད་ཀྱི་ཚིག་གསུམ།

རིག་པ་འཕོ་འགྱུར་མེད་པ་ནམ་མཁའ་འདྲ། །
དགེ་སྡིག་བདེ་སྡུག་ཅིས་ཀྱང་ཕན་གནོད་བྲལ། །
དེ་ལ་གནས་ནས་རྟོག་པའི་རྦ་རླབས་རྣམས། །
དགག་སྒྲུབ་མེད་པར་ཞིག་ན་རྣལ་འབྱོར་ལམ། །

འགྱུ་བ་དངོས་མེད་མཁའ་ལ་སྨིག་རྒྱུ་འདྲ། །
ངོ་བོ་སྟོང་ཡང་བྱིས་པའི་སྐྱེ་བོ་བསླུ། །
དེ་རྗེས་འབྲང་ན་རང་གིས་རང་བཅིངས་ནས། །
འཁྲུལ་སྣང་སྲིད་བའི་འཁོར་ལོ་རྒྱུན་མི་འཆད། །

ཨ་ཧོ། རིག་པའི་དབང་དུ་རྣམ་རྟོག་འདུ་བྱོས་ལ། །
རང་རྩལ་སེམས་ཀྱི་རྫུན་ཕུག་དབྱིངས་སུ་ཤིག །
སེམས་ཉིད་གདོད་མའི་རྒྱལ་ས་ཟིན་པ་ན། །
སངས་རྒྱས་བྱ་བ་དེ་ལས་གཞན་དུ་མེད། །

གནད་ཀྱི་ཚིག་གསུམ་པ་ཆུ་འབྲུག་ཟླ་ ༡ ཚེས་ ༢༥ ལའོ།།

མི་ཕམ་རིན་པོ་ཆེ།

མི་ཕམ་རིན་པོ་ཆེ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept