The Five Wisdoms—Tibetan

Literary Genres › Advice | Schools & Systems › Dzogchen | Literary Genres › Notes | བོད་ཀྱི་བླ་མ།སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ། | བོད་ཀྱི་བླ་མ།མཁན་ཆེན་ངག་དབང་དཔལ་བཟང་།

English | 中文 | བོད་ཡིག

སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ།

མཁན་ཆེན་ངག་དབང་དཔལ་བཟང་།

Further information:
Download this text:

མཁན་ཆེན་ངག་དགའི་གསུང་རྒྱུན།

ཆོས་ཐམས་ཅད་ཀྱི་གནས་ལུགས་སེམས་ཀྱི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་མངོན་དུ་གྱུར་པ་ཆོས་དབྱིངས་ཡེ་ཤེས
དེ་ཡང་རིག་པ་རང་བྱུང་གི་གདངས་འགག་མེད་དུ་གསལ་བ་མེ་ལོང་ཡེ་ཤེས
ཆོས་ཐམས་ཅད་ཡེ་ནས་རིག་པ་ཆེན་པོར་རོ་མཉམ་པར་རྟོགས་པ་མཉམ་ཉིད་ཡེ་ཤེས
ཆོས་ཅན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་རིག་རྩལ་ཤེས་རབ་ཀྱི་མཁྱེན་པས་རྟོགས་པ་སོ་སོར་རྟོགས་པའི་ཡེ་ཤེས
དེ་ཐམས་ཅད་བློའི་འབད་རྩོལ་དང་བྲལ་བར་ལྷུན་གྲུབ་ཆེན་པོར་གཟིགས་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept