Katok Kubum Prayer—Tibetan

Practices › Prayers | བོད་ཀྱི་བླ་མ།དཔལ་སྤྲུལ་རིན་པོ་ཆེ། | འཕགས་ཡུལ་གྱི་སྐྱེས་བུ་དམ་པ།ཞི་བ་ལྷ།

English | བོད་ཡིག

དཔལ་སྤྲུལ་རིན་པོ་ཆེ།

ཞི་བ་ལྷ།

Further information:
Download this text:

༄༅། །རྒྱལ་སྲས་ཞི་བ་ལྷ་དང་ཀཿཐོག་པ་དམ་གཙང་བྱམས་གསུམ་གྱི་གསོལ་འདེབས།

 

ཚེ་རབས་ཀུན་ཏུ་མགོན་པོ་འཇམ་དཔལ་དབྱངས། །

རིགས་ཀྱི་བདག་པོར་ཐོབ་ནས་འགྲོ་ཀུན་ལ། །

བྱང་ཆུབ་སྤྱོད་པའི་ལམ་བཟང་གསལ་མཛད་པ། །

རྒྱལ་སྲས་ཞི་བ་ལྷ་ལ་ཕྱག་འཚལ་ལོ། །

 

མཉམ་མེད་གཙུག་གི་རྒྱན་གཅིག་ཀཿ་དམ་པ། །

ཀུན་ཏུ་འོད་ཀྱི་ས་བརྙེས་གཙང་སྟོན་པ། །

ཐམས་ཅད་མཁྱེན་དངོས་དཔལ་ལྡན་བྱམས་པ་འབུམ། །

བསྟན་པའི་འབྱུང་གནས་གསུམ་ལ་གསོལ་བ་འདེབས། །

 

ཡོངས་རྫོགས་བསྟན་པའི་མངའ་བདག་བསོད་ནམས་འབུམ། །

བསྐྱེད་རྫོགས་དགོངས་པ་མཐར་ཕྱིན་ཡེ་ཤེས་འབུམ། །

གསད་གསོའི་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་དཔལ། །

བསྟན་པའི་སྒྲོན་མེ་གསུམ་ལ་གསོལ་བ་འདེབས། །

 

ཞེས་ཀཿཐོག་སྐུ་འབུམ་དུ་བཞུགས་པའི་མཆོད་རྟེན་དྲུང་ནས་ཞབས་བསྐོར་མཛད་ཚེ་དཔལ་སྤྲུལ་རིན་པོ་ཆེས།་གསུངས་པའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept