ཀུན་མཁྱེན་ཡབ་སྲས་ཀྱི་བསྟན་པ་ལ་ཐོས་བསམ་བཤད་སྒྲུབ་ཀྱི་བྱ་བས་མི་ནུབ་པར་འཛིན་པའི་བསྟན་རྒྱས་སྨོན་ལམ།
༄༅། །ཀུན་མཁྱེན་ཡབ་སྲས་ཀྱི་བསྟན་པ་ལ་ཐོས་བསམ་བཤད་སྒྲུབ་ཀྱི་བྱ་བས་མི་ནུབ་པར་འཛིན་པའི་བསྟན་རྒྱས་སྨོན་ལམ།
ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །
བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །
མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །
བཤད་སྒྲུབ་ཐོས་བསམ་བསྒོམ་པས་འཛིན་གྱུར་ཅིག །
