Longchen Nyingtik Phowa Lineage Prayer—Tibetan

Practices › Lineage Prayers | Collections & Cycles › Longchen NyingtikLongchen Nyingtik Phowa | Practices › Transference | བོད་ཀྱི་བླ་མ།དཔལ་སྤྲུལ་རིན་པོ་ཆེ།

English | བོད་ཡིག

དཔལ་སྤྲུལ་རིན་པོ་ཆེ།

Buddha Amitābha, 'Boundless Light'

Further information:
Download this text:

༄༅། །ཀློང་ཆེན་སྙིང་ཐིག་ཟབ་ལམ་འཕོ་བའི་བླ་བརྒྱུད་གསོལ་འདེབས།

 

ཨེ་མ་ཧོ།

ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས།།

ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །

སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །

སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས། །

གུ་རུ་ཤྲཱི་སིངྷ་ལ་གསོལ་བ་འདེབས། །

མཁས་པ་ཛྙཱ་ན་སཱུ་ཏྲ་ལ་གསོལ་བ་འདེབས། །

པཎ་ཆེན་བི་མ་མི་ཏྲ་ལ་གསོལ་བ་འདེབས། །

ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས། །

ལོ་ཆེན་བཻ་རོ་ཙ་ན་ལ་གསོལ་བ་འདེབས། །

ཐུགས་སྲས་རྗེ་འབངས་གྲོགས་གསུམ་ལ་གསོལ་བ་འདེབས།།

ཀློང་ཆེན་རྡོ་རྗེ་གཟི་བརྗིད་ལ་གསོལ་བ་འདེབས། །

རིག་འཛིན་འཇིགས་མེད་གླིང་པ་ལ་གསོལ་བ་འདེབས། །

འཇིགས་མེད་ཕྲིན་ལས་འོད་ཟེར་ལ་གསོལ་བ་འདེབས། །

འཇིགས་མེད་རྒྱལ་བའི་མྱུ་གུ་ལ་གསོལ་བ་འདེབས། །

མི་འགྱུར་ནམ་མཁའི་མཚན་ཅན་ལ་གསོལ་བ་འདེབས། །

རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་གསོལ་བ་འདེབས། །

རིགས་བདག་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས། །

ཨོ་རྒྱན་ཆོས་ཀྱི་དབང་པོ་ལ་གསོལ་བ་འདེབས། །

གྲུབ་དབང་པདྨ་བཛྲ་ལ་གསོལ་བ་འདེབས། །

འོད་གསལ་སྤྲུལ་པའི་རྡོ་རྗེ་ལ་གསོལ་བ་འདེབས། །

འཇམ་དཔལ་དགྱེས་པའི་རྡོ་རྗེ་ལ་གསོལ་བ་འདེབས། །

དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །

ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །

མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པ་དང་། །

བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །

སྤྲུལ་སྐུ་ཕཊ྄ཿ ལོངས་སྐུ་ཕཊ྄ཿ ཆོས་སྐུ་ཕཊ྄ཿ མི་འགྱུར་ཕཊ྄ཿ མངོན་བྱང་ཕཊ྄ཿ

 

ཞེས་པའང་ཀུན་མཁྱེན་གསུང་རྒྱུན་ཐོར་བུ་འདི་ཤྲཱི་ལྷོད་པོས་བྲིས་པའོ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept