The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Seven Lines—Tibetan

English | བོད་ཡིག

༄༅། །བར་ཆད་ཀུན་སེལ་ཟབ་འདུས་ཀུན་ཚིག་བདུན་མ་ཞེས་བྱ་བ་བཞུགས། །

 

བྱིན་རླབས་ཀུན་སྩོལ་བླ་མ་པདྨ་འབྱུང་། །

དངོས་གྲུབ་ཀུན་བདག་ཡི་དམ་རྟ་མཆོག་དཔལ། །

ཕྲིན་ལས་ཀུན་སྟེར་མཁའ་འགྲོ་རྣལ་འབྱོར་མ། །

བར་ཆད་ཀུན་སེལ་བཀའ་སྲུང་ལྕམ་དྲལ་སྡེ། །

གསོལ་བ་འདེབས་སོ་བར་ཆད་ཀུན་སོལ་ལོ། །

བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་དང་། །

ཕྲལ་ཕུགས་ཀུན་ཏུ་དགེ་ལེགས་ཆར་དུ་སྙིལ། །

ཨོྃ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱཀྐི་ནི་དྷརྨ་པ་ལ་སརྦ་སིདྡྷི་ཧཱུྃ། །

 

ཞེས་རྒྱ་ཆེའི་དོན་འདུས་ཟབ་པའི་གནད། ཐུན་མོང་མ་ཡིན་ཁྱད་པར་ཆེ། སྐལ་ལྡན་རྣམས་ཀྱི་ཉམས་སུ་ལོངས། རིག་པའི་རྡོ་རྗེའི་ཤར་མར་སྤེལ། །

 

རང་རིག་རྡོ་རྗེ།

Guru Padmasambhava

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept