Spontaneous Fulfilment of All Wishes—Tibetan

Practices › PrayersGuru Rinpoche Prayers | Deities › Guru Padmasambhava | བོད་ཀྱི་བླ་མ།རང་རིག་རྡོ་རྗེ།

English | བོད་ཡིག

རང་རིག་རྡོ་རྗེ།

Guru Padmasambhava

Further information:
Download this text:

༄༅། །ཨོ་རྒྱན་ཆེན་པོའི་ཐུགས་དམ་བསྐུལ་བྱེད་གསོལ་འདེབས་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས།།

 

ཀྱེ་མ་ཀྱེ་ཧུད་ཀུན་མཁྱེན་པདྨ་འབྱུང་། །

ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །

མཐའ་བཞིའི་མཚོན་ཁ་བོད་ཁམས་སྡང་ལ་ཉེ། །

རྒྱལ་བསྟན་ཉི་མ་ནུབ་རིར་འབྱོན་ལ་ཆས། །

བོད་ཁམས་རྗེ་བློན་སྡུག་བསྔལ་ཉེན་ཙང་མནར། །

མགོན་ཁྱོད་སྔོན་གྱི་ཐུགས་དམ་ཞལ་བཞེས་བཞིན། །

གདུལ་བྱ་སྤྱི་དང་ཁྱད་པར་གངས་ལྗོངས་འདིར། །

མཐའ་བཞིའི་དམག་དཔུང་ནད་མཚོན་མུ་གེ་དང་། །

འཇིགས་པ་བརྒྱད་སོགས་རྟེན་འབྱུང་རྒྱུ་འབྲས་ཀྱིས། །

བསྡུས་པའི་མི་མཐུན་འགལ་བྱེད་བར་ཆད་རིགས། །

མ་ལུས་མྱུར་དུ་བཟློག་ཅིག་པདྨ་འབྱུང་། །

རྒྱལ་བསྟན་དར་རྒྱས་དེར་འཛིན་མཁའ་དང་མཉམ། །

བཤད་སྒྲུབ་བདུད་རྩིས་འགྲོ་ཁམས་རབ་སྨིན་ནས། །

དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ། །

 

ཞེས་པའང་དུས་དང་བསྟུན་པའི་གུ་རུ་རིན་པོ་ཆེའམ་ཐུགས་དམ་བསྐུལ་བྱེད་འདི་ནི་གཞུང་ས་ཆེན་མོའི་ཞབས་རིས། །ཞུ་སྐབས་རིག་པའི་རྡོ་རྗེས་སྤེལ་བ་ཛ་ཡན་ཏུ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept