Prayer to Padmasambhava—Tibetan

Practices › PrayersGuru Rinpoche Prayers | Deities › Guru Padmasambhava | Practices › Aspiration PrayersZangdok Palri Aspirations | བོད་ཀྱི་བླ་མ།རཏྣ་གླིང་པ།

English | བོད་ཡིག

རཏྣ་གླིང་པ།

Guru Padmasambhava

Further information:
Download this text:

༄༅། །པདྨ་འབྱུང་གནས་ལ་གསོལ་འདེབས།

 

སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་གིས༔

བདག་སོགས་རྗེས་བཟུང་ཚེ་རབས་ཐམས་ཅད་དུ༔

འགལ་རྐྱེན་ཀུན་ཞི་བསམ་དོན་མྱུར་འགྲུབ་ཅིང་༔

མཐར་ཐུག་པདྨ་འོད་དུ་སྐྱེ་བར་ཤོག༔

 

བདག་འདྲ་རཏྣ་གླིང་པས་གསང་བ་སྐོར་བཞི་གདན་དྲངས་པའི་དུས་སུ་ནུབ་གཅིག་ཟངས་མདོག་དཔལ་རིར་ཨོ་རྒྱན་དངོས་སུ་མཇལ་བའི་དུས་སུ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་གསོལ་འདེབས་ཚིག་བཞི་པ་འདི་ཉིད་འུར་དིར་གྱིས་གསུངས་པ་དང་༔ བདག་ལ་ཁ་བྱང་གནང་བའི་ཕྱིར༔ རྣལ་སད་པ་ནས་ལེབ་ཤོག་ངོས་ལ་ཕབ༔ འདི་ལན་གཅིག་བརྗོད་པས་ཀྱང་༔ ཚེ་འདིར་ཅི་བསམ་འགྲུབ་ཅིང་༔ མཐར་ཐུག་པདྨ་འོད་དུ་སྐྱེ་བ་རཏྣ་བདག་གིས་གཡར་དམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept