Hook of Compassion—Tibetan

Practices › Prayers | Collections & Cycles › Ḍākinī Treasury | བོད་ཀྱི་བླ་མ།སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

English | Español | བོད་ཡིག

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

Sera Khandro Kunzang Dekyong Wangmo

Further information:
Download this text:

དག་སྣང་ལས༔ སྐྱེས་ཕྲེང་གསོལ་འདེབས་ཐུགས་རྗེའི་ལྕགས་ཀྱུ་བཞུགས༔

 

ཨེ་མ་ཧོ༔

བདེ་གཤེགས་སྙིང་པོའི་ངང་མདངས་ཆུ་ཟླའི་གར༔

སྣ་ཚོགས་ཐབས་ཀྱིས་བསྟན་འགྲོའི་དཔལ་ཤར་བ༔

ཐུབ་པའི་སྤྱན་སྔར་དགེ་སློང་ཨུཏྤལ་མ༔

རྡོ་རྗེ་གདན་དུ་རོ་ལངས་བདེ་རོལ་མ༔

པདྨས་རྗེས་བཟུང་ཤེལ་དཀར་ཞི་བ་མཚོ༔

བཻ་རོ་ཙ་ནས་བྱིན་བརླབས་སྨིན་གྲོལ་མཛད༔

སྒྲོལ་མས་ཞལ་གཟིགས་མཆོག་གི་དངོས་གྲུབ་བརྙེས༔

ལི་ཡུལ་བྱང་ཆུབ་ཆོས་སྒྲོན་དཔལ་མོ་དང༔

སྣེལ་མོ་ཤོད་དུ་ཀུན་དགའ་འབུམ་མ་དང༔

གཙང་རོང་ཉེ་ཆར་རྟ་མགྲིན་དབང་མོར་གྲགས༔

བོད་ཡུལ་དབུས་སུ་སུ་ཁ་བཛྲ་རྩལ༔

མ་འོངས་མདོངས་ཆུར་བདེ་བའི་འབྱུང་གནས་ཞེས༔

སྐུ་ཕྲེང་རིམ་པར་བརྒྱུད་པར་གསོལ་བ་འདེབས༔

དེང་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་བར༔

རྗེ་བཙུན་རྣལ་འབྱོར་ཁྱེད་དང་མི་འབྲལ་ཞིང༔

ཟབ་ཆོས་བདུད་རྩིའི་དཔལ་ལ་ལོངས་སྤྱོད་ཅིང༔

ས་དང་ལམ་བསྒྲོད་རིམ་པར་མི་ལྟོས་པར༔

འོད་གསལ་རྫོགས་ཆེན་དགོངས་པ་མངོན་གྱུར་ཅིང༔

ཐོད་རྒལ་སྣང་བཞིའི་ཉམས་ལེན་མཐར་ཕྱིན་ནས༔

འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔

བདག་དང་བདག་ལ་འབྲེལ་ཐོགས་སེམས་ཅན་ཀུན༔

མི་གནས་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག༔

 

ཅེས་པ་འདི་ཡང་བསླབ་གསུམ་ལྡན་པ་དབོན་པྲ་ཝ་བཛྲ་གྱིས་འདི་ལྟར་དགོས་ཞེས་ནན་ཆེར་བསྐུལ་ངོར་སེམས་མེད་འཆོལ་མོ་པྲ་ཛྙཱ་ཏཱ་རེས་བྲིས་པའོ།། དགེའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept