The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Short Lineage Supplication Prayer—Tibetan

English | བོད་ཡིག

༄༅། །ཆོས་ཉིད་མཁའ་འགྲོའི་གསང་མཛོད་ལས༔ བརྒྱུད་པའི་གསོལ་འདེབས་བསྡུས་པ་བཞུགས༔

 

ན་མོ་པདྨ་ཀ་ར་ཡེ༔

དད་མོས་དྲག་པོས་འདི་སྐད་བརྗོད༔

ཨེ་མ་ཧོ༔

ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས༔

སྤྲུལ་སྐུ་པད་འབྱུང་མཁའ་འགྲོ་མཚོ་རྒྱལ་མ༔

རིགས་བཞིའི་ཌཱ་ཀི་འབུམ་ཕྲག་མཁའ་འགྲོ་དང༔

བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ༔

གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔

ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔

ཚེ་སྒྲུབ་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ནས༔

འཕོ་མེད་ཕྱག་རྒྱ་ཆེན་པོའི་ས་ཐོབ་ཤོག༔

 

ཅེས་པའང་ལྷ་སྲས་དམ་པ་དཔལ་ཆེན་རྣམ་རྒྱལ་གྱི་བཞེད་སྐོང་དུ་བདེ་བའི་མིང་གིས་འཁྲུལ་སྣང་ཡིག་རིས་སུ་བྲིས་པའོ༎ དགེའོ། །དགེའོ། །དགེའོ། །།

 

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

ཡེ་ཤེས་མཚོ་རྒྱལ།

Further information:

BDRC Author Profiles: P742 P7695

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept