The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

I Don’t Believe in Samsara…—Tibetan

English | Deutsch | Español | Français | Português | བོད་ཡིག

༄༅། །ཞལ་གདམས།

ཨ་ཧོ། འཁོར་བ་འདི་ལ་ཡིད་མ་ཆེས། །འཁོར་བ་འདི་ལ་ཡིད་ཆེས་ན། །མྱང་འདས་ཞེས་བྱ་ཅི་ལ་སྲིད། །སེམས་ཉིད་འདི་ལ་ཡིད་མ་ཆེས། །སེམས་ཉིད་འདི་ལ་ཡིད་ཆེས་ན། །རིག་པ་ཞེས་པ་ཅི་ལ་སྲིད། །ལྟ་བ་འདི་ལ་ཡིད་མ་ཆེས། །ལྟ་བ་འདི་ལ་ཡིད་ཆེས་ན། །ཡེ་སྟོང་སྤྲོས་བྲལ་ཅི་ལ་སྲིད། །སྒོམ་པ་འདི་ལ་ཡིད་མ་ཆེས། །སྒོམ་པ་འདི་ལ་ཡིད་ཆེས་ན། །གཉུག་མ་ཤུགས་འབྱུང་ཅི་ལ་སྲིད། །སྤྱོད་པ་འདི་ལ་ཡིད་མ་ཆེས། །སྤྱོད་པ་འདི་ལ་ཡིད་ཆེས་ན། །འབད་རྩོལ་བྲལ་བ་ཅི་ལ་སྲིད། །གཞི་སྣང་འདི་ལ་ཡིད་མ་ཆེས། །གཞི་སྣང་འདི་ལ་ཡིད་ཆེས་ན། །ཡེ་གཞི་ཀ་དག་ཅི་ལ་སྲིད། །ལམ་སྣང་འདི་ལ་ཡིད་མ་ཆེས། །ལམ་སྣང་འདི་ལ་ཡིད་ཆེས་ན། །གསལ་སྟོང་ཟུང་འཇུག་ཅི་ལ་སྲིད། །འབྲས་བུ་འདི་ལ་ཡིད་མ་ཆེས། །འབྲས་བུ་འདི་ལ་ཡིད་ཆེས་ན། །ཟང་ཐལ་བརྗོད་བྲལ་ཅི་ལ་སྲིད། །ཀུན་རྫོབ་འདི་ལ་ཡིད་མ་ཆེས། །ཀུན་རྫོབ་འདི་ལ་ཡིད་ཆེས་ན། །སྣང་སྟོང་ཟུང་འཇུག་ཅི་ལ་སྲིད། །ཡོད་པ་མ་ཡིན་ཐམས་ཅད་སྟོང་། །མེད་པ་མ་ཡིན་ཀུན་ཏུ་གསལ། །སྟོང་གསལ་ངང་ལ་བཞག་ཙམ་ན། །འཁོར་འདས་ཆོས་ཀུན་རྫུན་ཕུག་རྡིབས། །ཐམས་ཅད་ཆོས་ཉིད་རྒྱན་དུ་ཤར། །རིག་སྟོང་སྤྲོས་བྲལ་འོད་ཀྱི་མདངས། །གསལ་སྒྲིབ་མེད་པར་འཁོར་འདས་ཁྱབ། །ཡེ་རྫོགས་འབྲས་བུ་གཞན་མི་རེ། །བདེ་ཆེན་རང་རིག་ཀློང་དང་འདྲེས། །དབྱིངས་གསུམ་དབྱེར་མེད་ངང་དུ་བཞག །འདི་ནི་སྤྲང་མོའི་རྫུན་རིས་ཡིན། །ཆོས་དང་མི་མཐུན་ནེ་ཙོའི་གཏམ། །གཞན་གྱིས་གཟིགས་ན་ཐུགས་ཁྲེལ་རྒྱུ། །སྤྲང་མོ་རང་གི་ཆོས་ལུགས་ལགས། །འཁོར་འདས་ཆོས་ཀུན་དེ་ལྟར་སྣང་། །འཁོར་བ་ཉམས་ལེན་བྱེད་མཁན་ལ། །མྱང་འདས་བྱ་བ་ཅི་ཕྱིར་ཤེས། །རྫུན་ཚིག་ཡིན་ནོ་ལྷ་གྲོགས་རྣམས། །བདེ་བའི་རྡོ་རྗེས་སོ།།

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept