ཞབས་བརྟན་རྟག་བརྟན་གཞོམ་གཞིག་མ།
༄༅། །ཞབས་བརྟན་རྟག་བརྟན་གཞོམ་གཞིག་མ།
ཨོཾ་སྭ་སྟི།
རྟག་བརྟན་གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུ། །
ཚངས་དབྱངས་འགགས་པ་མེད་པ་རྡོ་རྗེའི་གསུང༌། །
ཟག་བྲལ་བདེ་སྟོང་རྡོ་རྗེའི་ཐུགས་མངའ་བའི། །
རྩ་གསུམ་ཚེ་ལྷའི་ཚོགས་ཀྱིས་དགེ་ལེགས་སྩོལ། །
ཀུན༵་བཟ༵ང་པདྨའི་རིང་ལུགས་རྫོགས་པ་ཆེའི། །
བསྟ༵ན་པ༵འི་ཉི༵་མ༵་མཚུངས་མེད་རབ་འབྱམས་པ། །
བཤ༵ད་སྒྲུབ༵་ཆོ༵ས་ཀྱི༵་གོ༵་ཆ༵་ཟླ་བྲལ་མཆོག །
གསང་གསུམ་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག །
མདོ་སྔགས་བསྟ༵ན་པ་གཉི༵ས་ལྡན་ངུར་སྨྲིག་སྡེའི། །
དད་བསོད་རྒྱལ་མཚན་རྩེ་ན་རྟག་བརྟན་ཞིང་། །
འཁོར་ལོ་གསུམ་གྱི་ཕྲིན་ལས་ད༵ར་ཞིང་རྒྱས༵། །
སྙན་གྲགས་འཛམ་གླིང༵་ཡོངས་ལ་ཁྱབ་གྱུར་ཅིག །
ཅེས་པའང་ཤཱཀྱའི་དགེ་སློང་རྒན་པོ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོས་བདེན་ཚིག་སྨོན་ལམ་དུ་གསོལ་བ་སིདྡྷི་རསྟུ།།
