Mingyur Rinpoche Long-Life Prayer—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།ཏའི་སི་ཏུ་རིན་པོ་ཆེ། | བོད་ཀྱི་བླ་མ།ཡོངས་དགེ་མི་འགྱུར་རིན་པོ་ཆེ།

English | Español | བོད་ཡིག

ཏའི་སི་ཏུ་རིན་པོ་ཆེ།

ཡོངས་དགེ་མི་འགྱུར་རིན་པོ་ཆེ།

Further information:
Download this text:

༄༅། །ཡོངས་དགེ་མི་འགྱུར་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

 

ཨོཾ་བདེ་ལེགས་སུ་གྱུར་ཅིག

 

རབ་འབྱམས་རྒྱལ་བའི་ཐུགས་བསྐྱེད་ལས་འཁྲུངས་པ། །

སྙིགས་དུས་འགྲོ་བའི་མགོན་པོ་ཆོས་ཀྱི་རྗེ། །

གསང་ཆེན་བསྟན་པའི་མེས་པོ་བཀའ་དྲིན་ཅན། །

ཨོ་རྒྱན་སངས་རྒྱས་གཉིས་པས་དགེ་ལེགས་སྩོལ། །

 

ཁྱོད་ཀྱི་རྣམ་པར་རོལ་པ་མཐའ་ཡས་ཀྱང༌། །

ཡོང༵ས་ཀྱི་དགེ༵་བའི་བཤེས་གཉེན་ཡོངས་ཀྱི་མགོན། །

མི༵་འགྱུར༵་རྟག་པ་དམ་པའི་མཛོད་འཛིན་པ། །

རྡོ༵་རྗེ༵་གསུམ་གྱི་ངོ་བོར་ཞབས་བརྟན་གསོལ། །

 

འགྱུར་མེད་ཟབ་མོའི་ཐ་ཚིག་རིན་པོ་ཆེ། །

ངེས་གསང་བསྟན་འཛིན་དམ་པ་ཆོས་ཀྱི་རྗེ། །

རྨད་བྱུང་མཆོག་གི་སྤྲུལ་སྐུ་འགྲོ་བའི་མགོན། །

རྡོ་རྗེ་གསུམ་གྱི་ངོ་བོར་ཞབས་བརྟན་གསོལ། །

 

བསླུ་མེད་སྐྱབས་གནས་དཀོན་མཆོག་རིན་ཆེན་གསུམ། །

རྩ་གསུམ་དམ་ཅན་རྒྱ་མཚོའི་བདེན་སྟོབས་ཀྱིས། །

བླ་མའི་ཞབས་པད་ཡུན་དུ་བརྟན་པ་དང༌། །

མཛད་འཕྲིན་ཕྱོགས་མཐར་ཁྱབ་ཅིང་རྒྱས་གྱུར་ཅིག །

 

ཡོངས་དགེ་མི་འགྱུར་རྡོ་རྗེ་མཆོག་གི་ཞབས་བརྟན་དུ་རྗེས་འཇུག་རྣམས་ནས་བསྐུལ་བའི་ངོར་༧ཏཱ་ཡི་སི་ཏུ་པས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག  །དགེ་ལེགས་འཕེལ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept