Guru Yoga of Milarepa—Tibetan

Practices › Guru Yoga | བོད་ཀྱི་བླ་མ།དཔའ་བོ་གཙུག་ལག་སྨྲ་བའི་དབང་ཕྱུག | བོད་ཀྱི་བླ་མ།མི་ལ་རས་པ།

English | བོད་ཡིག

དཔའ་བོ་གཙུག་ལག་སྨྲ་བའི་དབང་ཕྱུག

མི་ལ་རས་པ།

Further information:
Download this text:

༄༅། །རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་བླ་སྒྲུབ་རྒྱུན་ཁྱེར་བཞུགས་སོ།།

 

རང་གི་སྤྱི་བོར་པད་ཟླའི་སྟེང་། །

རྗེ་བཙུན་བཞད་པ་རྡོ་རྗེ་ནི། །

སྐུ་མདོག་སྔོ་སངས་རས་དཀར་གསོལ། །

དབུ་རལ་གྱེན་དུ་ཕྱོགས་པ་ཡི། །

ཕྱག་གཡས་སྙན་གྱི་ཐད་ཀར་བསྟེན། །

གཡོན་པས་མཉམ་བཞག་ཐོད་ཞལ་བསྣམས། །

ཡེ་ཤེས་འོད་ལྔ་འཁྲུགས་པའི་ཀློང་། །

གཟི་བྱིན་རབ་ཏུ་འབར་བར་བཞུགས། །

གཞོམ་མེད་རྡོ་རྗེའི་མགུར་དབྱངས་སྒྲོགས། །

 

༈ ཐུགས་རྗེས་བདག་ལ་བརྩེ་བས་དགོངས། །

སྐུ་ལྔ་ཡེ་ཤེས་ལྔ་ཐོབ་བྱིན་གྱིས་རློབས། །

གནས་ལུགས་རང་ཞལ་མཇལ་བར་བྱིན་གྱིས་རློབས། །

རྣམ་རྟོག་བསྒོམ་དུ་འཆར་བར་བྱིན་གྱིས་རློབས། །

རྐྱེན་ངན་ལམ་དུ་ལོང་བར་བྱིན་གྱིས་རློབས། །

ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །

ལྟ་བ་གོལ་ས་ཆོད་པར་བྱིན་གྱིས་རློབས། །

འཁོར་བ་ཞེན་ལོག་སྐྱེ་བར་བྱིན་གྱིས་རློབས། །

འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །

 

ཨོཾ་ཨཱཿགུ་རུ་ཧཱ་ས་བཛྲ་ཧཱུྃ།

 

རྗེ་བཙུན་བཞད་པ་རྡོ་རྗེའི་སྐུ། །

རང་སེམས་སྤྲོས་བྲལ་གཉིས་མེད་འདྲེས། །

ཆུ་ལ་ཆུ་བུར་ཐིམ་པ་ལྟར། །

དམིགས་མེད་ངང་དི་མཉམ་པར་བཞག །

 

དགེ་བ་འདི་ཡིས་མྱུར་དུ་བདག །

ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡི་ས་ལ་འགོད་པ་ཤོག །

 

ཅེས་བསྔོ་སྨོན་ཤིས་བརྗོད་ཀྱི་མཐའ་རྒྱས་བྱའོ། །

 

དཔའ་བོ་པས་སྦྱོར་བའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept