Advice for Tenzin Jamchen—Tibetan

Advice | Tibetan MastersTrulshik Rinpoche

English | Português | བོད་ཡིག

Trulshik Rinpoche

Kyabje Trulshik Rinpoche

Further Information:

༄༅། །བསྟན་འཛིན་བྱམས་ཆེན་ལ་གདམས་པ།

སྟོན་པས་རང་སེམས་འདུལ་གསུངས་པ། །
ཁམས་གསུམ་སྤྱི་དང་ངན་སོང་གསུམ། །
མར་ཤེས་ཀུན་རྫོབ་བྱང་ཆུབ་སེམས། །
བྱམས་དང་སྙིང་རྗེ་རྒྱུན་དུ་སྒོམས། །
དོན་དམ་བྱང་སེམས་ཆོས་ཐམས་ཅད། །
བདེན་མེད་རྨི་ལམ་སྒྱུ་མར་སོགས། །
ཆོས་བརྒྱད་དཀར་ནག་ཕྲ་གསུམ་པོ། །
དུག་ཏུ་ཤེས་ལ་སྨན་མཆོག་བསྟེན། །
བདག་པས་གཞན་གཅེས་སེམས་བཟང་པོ། །
བྱང་ཆུབ་སེམས་མཆོག་གཙོ་བོར་མཛོད། །
ཨེ་མ་དལ་རྟེན་བསོད་ནམས་ཆེ། །
ཨ་ཧོ་རྣལ་འབྱོར་བཀྲ་ཤིས་ཤོག །

ཅེས་པའང་ཨིང་ལན་གྱི་དགེ་སློང་རིག་པ་སྨྲ་བ་བསྟན་འཛིན་བྱམས་ཆེན་གྱིས་བསྐུལ་ངོར། ཤཱཀྱའི་དགེ་སྦྱོང་ཀུན་རྨོངས་པ་འགྱུར་མེད་ངག་དབང་ཆོས་ཀྱི་བློ་གྲོས་སུ་འབོད་པས་བྲིས་པ་སིདྡྷི་རསྟུ།། །།

• Download this text: EPUB MOBI PDF