Prayer for the Long Life of Sogyal Rinpoche—Tibetan

Practices › Long Life Prayers | Tibetan MastersTrulshik Rinpoche

English | Español | Français | བོད་ཡིག

Trulshik Rinpoche

Kyabje Trulshik Rinpoche

Further Information:
Download this text:

༄༅། །བསོད་རྒྱལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

 

ཨོཾ་སྭ་སྟི། འཆི་མེད་སྐུ་བརྙེས་པདྨ་འབྱུང་གནས་དང༌། །

རྗེ་བཙུན་མྱུར་མ་དཔའ་མོའི་མཐུ་བྱིན་གྱིས། །

གཏེར་ཆེན་བསོད་ནམས་རྒྱལ་པོའི་སྤྲུལ་པའི་སྐུའི། །

༧ཞབས་ཟུང་རྟག་བརྟན་ཕྲིན་ལས་མཐར་ཕྱིན་ཤོག །

 

ཅེས་འཛམ་གླིང་ནུབ་ཕྱོགས་སོགས་སུ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་འགྲོའི་དཔལ་མགོན་བླ་ན་མ་མཆིས་པ་བསོད་རྒྱལ་རིན་པོ་ཆེའི་༧ཞབས་བརྟན་གསོལ་འདེབས་ཤོ་ལོ་ཀ་བསེ་རུའི་གྲངས་ལྡན་འདི་བཞིན་ཤཱཀྱའི་དགེ་སྦྱོང་ཞྭ་དེའུ་པ་འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་ཀྱིས་སྙིང་ནས་གསོལ་བ་བཏབ་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །