Concise Tsok Offering for Tukdrup Yizhin Norbu—Tibetan

Practices › Tsok | Collections & Cycles › Khyentse KababTukdrup Yizhin Norbu | Collections & Cycles › Chokling Tersar | བོད་ཀྱི་བླ་མ།ཚེ་དབང་གྲགས་པ།

English | Español | 中文 | བོད་ཡིག

ཚེ་དབང་གྲགས་པ།

Tukdrup Yizhin Norbu

Further information:
Download this text:

༄༅། །བསམ་ལྷུན་མའི་ཚོགས་བསྡུས།

 

ན་མོ་གུ་རུ་མ་ཧཱ་ནི་དྷི་བྷྱ།

བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་ལྷུན་མའི་ཚོགས་འབུམ་སྐབས།

ཨོྃ་ཨཱཿཧཱུྃ།

བླ་མ་རིག་འཛིན་རྩ་གསུམ་དཀྱིལ་འཁོར་ལྷ། །

འདིར་གཤེགས་ཚོགས་ཀྱི་མཆོད་འབུལ་དགྱེས་བསྐངས་ཏེ། །

ཉམས་ཆག་མཐོལ་བཤགས་དགྲ་བགེགས་བསྒྲལ་བ་ཡི། །

ཤ་ཁྲག་ཞལ་སྟོབ་ལྷག་ལ་དབང་བས་རོལ། །

ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །

བསམ་པ་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །

ༀ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་མཎྜ་ལ་ས་པ་རི་ཝཱ་ར་ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། ཨུཙྪིཥྚ་བ་ལིཾ་ཏ་བྷ་ཀྵ་སི་སྭཧཱ།

 

ཞེས་གྲངས་གསོག་གོ །ཞེས་པ་འདི་ཡང་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་ཀུན་བཟང་འགྱུར་མེད་ཚེ་དབང་གྲགས་པས་དཀར་ཕྱོགས་ཀྱི་དགའ་བ་དང་པོར་གཏེར་གཞུང་ལས་ཤིན་ཏུ་བསྡུས་ཏེ་བྲིས་པ་དགེ། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept