Auspicious Verses—Tibetan

Practices › Auspiciousness | Deities › Three Jewels | Collections & Cycles › Compendium of Sādhanas | སངས་རྒྱས་ཀྱི་བཀའ།

English | Español | Français | བོད་ཡིག

Buddha

Buddha Śākyamuni

Further information:
Download this text:

༄༅། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།

 

རྒྱ་གར་སྐད་དུ། མངྒ་ལ་གཱ་ཐཱ།

བོད་སྐད་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།

 

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

 

ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །

འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །

སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །

བཀྲ་ཤིས་དེས་ནི་སྐྱེ་དགུ་ཞི་བྱེད་དང་པོའོ། །

 

དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་གཡོ་མེད་པ། །

འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །

ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །

དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །

 

དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང༌། །

དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱིས་གནས། །

ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །

དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept