Blue-Clad Vajrapāṇi—Tibetan

Literary Genres › Dhāraṇī | Deities › Vajrapāṇi | Collections & Cycles › Kangyur | Collections & Cycles › Ten Royal Sūtras | Collections & Cycles › Compendium of Sādhanas | སངས་རྒྱས་ཀྱི་བཀའ།

English | Español | བོད་ཡིག

Buddha

Vajrapāṇi

Further information:
Download this text:

༄༅། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་བཞུགས་སོ། །

 

རྒྱ་གར་སྐད་དུ། ཨཱཪྻ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཀལྤ་ནཱ་མ་དྷཱ་ར་ཎཱི།

བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས།

 

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

 

གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན།

སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ།

མཆེ་བ་གཙིགས་པ་དང་འཚམ་པ།

མིག་མེ་མདག་གི་ཕུང་པོ་འདྲ་བ།

དབུགས་མེ་ལྕེ་ལྟར་འབར་བ།

འཇིགས་པའི་ང་རོ་ཅན།

ལག་པ་དང༌རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ།

ཀླུ་ནག་པོ་སེ་རལ་ཁར་ཐོགས་པ།

ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ།

སྦྲུལ་འབར་བའི་རིན་པོ་ཆེའི་ཅོད་པན་ཐོགས་པ།

སྦྲུལ་གདུག་པ་འབར་བ་ཟ་བ།

བཞིན་རྒྱས་པ།

སྨིན་མ་དང༌དཔྲལ་བ་བསྡུས་པ།

ཡ་སོས་མ་མཆུ་མནན་པ།

གཤིན་རྗེའི་ཆ་བྱད་ཅན།

ལྕེ་གློག་ལྟར་འགྱུ་བ།

གསུས་པོ་ཆེ་སྦྲུལ་ཟ་བ།

ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ།

ཀླུའི་རྒྱལ་པོ་འདབ་བཟང་སྐ་རགས་སུ་བཅིངས་པ།

ཨ་ལ་ལ་ཞེས་སྒྲོག་པར་བྱེད་པ།

རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ་རྐང་པའི་པུས་མོར་ཕྱིན་པ།

དབང་པོ་དང༌ཉི་མ་ཕྲག་པ་ལ་བཀུར་བ།

ཀླུ་ཐམས་ཅད་རླག་པར་བྱེད་པ།

གད་རྒྱངས་ཆེན་པོ་སྒྲོགས་པས་ཀུན་ཏུ་འཁྲུགས་པར་བྱེད་པ།

གཤིན་རྗེའི་གཟུགས་ཅན།

ཁམས་གསུམ་པ་འཇིགས་པར་བྱེད་པ།

ཀླུ་རྣམས་འཆི་བར་བྱེད་པ་ལ་ཕྱག་འཚལ་ལོ། །

དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱ་མ་སྙེད་ཀྱིས་གསུངས་པའི་རིག་སྔགས་འདི་བརྗོད་པར་བྱའོ། །

ཏདྱ་ཐཱ། བྷོ་བྷོ་བཱཾ་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡཾ། ཡཿས་མཱ་ཏི་ཀྲ་མ་ཐ། ཨུཏྶཱ་ད་ནཾ་བྷ་བི་ཥྱ་ཏི།

ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཧཱི་པྲཱ་པྟ། ཧ་ར་ཧ་ར། ནཱ་ག་ནཱཾ། པྲ་ཧ་ར་པྲ་ཧ་ར། ནཱ་ག་ནཱཾ། ཅྖིནྡ་ཅྖིནྡ། ནཱ་ག་ཧྲྀ་ད་ཡཱ་ནི། བྷིནྡ་བྷིནྡ། ནཱ་ག་མརྨཱ་ཎི། བི་སཱིརྱནྟུ། ནཱ་ག་ཤ་རཱི་རཱ་ཎི། བི་སྥོཊ་ཡ། ནཱ་ག་ན་ཡ་ནཱ་ནི།

ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཕཊ། ནཱ་ག་གོཏྶཱ་ད་ནཱ་ཡ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཕཊ། ཀྲྀ་ཏཱ་ནྟ་རཱུ་པཱ་ཡ་ཕཊ། རོ་ཥཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུམྦྷ་ཎྜོ་ཏྶཱ་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཅ། བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པ་སྨ་ར། བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྞཾ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ།

ཨོྃ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཪཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ།

དེའི་ཆོ་ག་ལ།

གནོད་སྦྱིན་གྱིས་ཟིན་པ་ལ་ཆུ་ལ་སྔགས་ཀྱིས་བཏབ་ལ་གཏོར་ན་བཏང་བར་འགྱུར་རོ། །

ཀླུ་བཟློག་པར་འདོད་ན་སྨྱག་ཤད་ཀྱི་ལྕུག་མའམ། བལ་པོ་སེའུ་ཡི་ལྕུག་མས་བྱའོ། །

ཡི་དྭགས་དང༌བརྗེད་བྱེད་རྣམས་ལ་ནི་སྐུད་པས་བྱའོ། །

རིམས་ནད་མེད་པར་བྱ་བ་དང༌། གཞོགས་ཕྱེད་ན་བ་དང༌། ཡི་ག་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ། །

ནོར་འདོད་ན་ཞག་གཅིག་སྨྱུང་བ་འདུག་སྟེ་པོག་ཕོར་གྱིས་བདུགས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད་སྟོན་ལ་གསེར་གྱི་དོང་ཚེ་བདུན་སྟོང་སྦྱིན་པར་བྱེད་དོ། །

རྒྱས་བཏབ་པ་དགྲོལ་བར་འདོད་ན་ཐལ་བས་བྱའོ། །

སྒོ་ལྕགས་དབྱེ་བར་འདོད་ན་ཡུངས་ཀར་གྱིས་བྱའོ། །

འཇིགས་པ་ཐམས་ཅད་སྲུང་བ་ལ་ནི་མར་རྙིང་པའམ། ཐལ་བའམ་ཡུངས་ཀར་གྱིས་བྱའོ། །

ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལ་བསྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །

བྱིས་པ་གདོན་གྱིས་ཉེན་པ་ལ་ནི་ཚོན་སྣ་ལྔའི་སྐུད་པ་ལ་བསྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །

ཆོམ་རྐུན་བཟློག་པར་འདོད་ན་སས་བྱའོ། །

དུག་ལ་ནི་རྩྭ་ཀུ་ཤས་བྱབ་པར་བྱའོ། །

བདག་བསྲུང་བ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ། །

གཞན་བསྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ། །

ལས་དེ་ཐམས་ཅད་ལ་སྔགས་བརྗོད་པ་ནི་ལན་གསུམ་མམ། བདུན་ནམ། བཅུ་བཞི་འམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་པར་བྱའོ། །དེ་ལྟར་བྱས་ན་འགྲུབ་པར་འགྱུར་རོ། །

མཆོད་རྟེན་སྐུ་གདུང་དན་ལྡན་པའི་དྲུང་དུ་མེ་ཏོག་སྔོན་པོས་མཆོད་དེ། སྔགས་སྟོང་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། །

འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

 

རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་བནྡྷེ་ཀླུའི་དབང་པོས་བསྒྱུར།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept