Guru Padmasambhava’s Life—Tibetan
Practices › Prayers › Guru Rinpoche Prayers | Deities › Guru Padmasambhava | Practices › Aspiration Prayers › Zangdok Palri Aspirations | བོད་ཀྱི་བླ་མ། › ཨ་ལགས་གཟན་དཀར་པདྨ་དངོས་གྲུབ་རོལ་བའི་རྡོ་རྗེ། | འཕགས་ཡུལ་གྱི་སྐྱེས་བུ་དམ་པ། › པདྨ་འབྱུང་གནས།

Guru Padmasambhava
Courtesy of Himalayan Art Resources
༄༅། །བཀའ་བསྡུས་བཞུགས།
ཨེ་མ་ཧོ།
རྒྱུ་རྐྱེན་མི་མངའ་འོ་མ་ཅན་གྱི་མཚོ། །
པད་སྡོང་ལས་འཁྲུངས་རྫུས་སྐྱེས་པདྨ་འབྱུང་། །
གསོལ་བ་འདེབས་སོ་ཚེ་འདིའི་བར་ཆད་སོལ། །
ཏུ་རུ་ཀ་ཡི་སྡེ་རྣམས་རྡུལ་དུ་རློག །
བསྟན་དང་འགྲོ་ལ་བདེ་སྐྱིད་ལྡན་པར་མཛོད། །
ཕྱི་མ་ཟངས་མདོག་དཔལ་རིའི་ཕོ་བྲང་དུ། །
ཨོ་རྒྱན་པད་འབྱུང་ཉིད་དང་དབྱེར་མེད་དུ། །
ཚོམ་བུ་གཅིག་ཏུ་མངོན་པར་སངས་རྒྱས་ཤོག །
ཅེས་བཀའ་བསྡུས་འདི་པདྨ་དངོས་གྲུབ་རོལ་བའི་རྡོ་རྗེས་གསུངས་པའོ། །དགེའོ།།