Advice for Göndrak—Tibetan

Literary Genres › Advice | Collections & Cycles › Chokling Tersar | བོད་ཀྱི་བླ་མ།མཆོག་གྱུར་བདེ་ཆེན་གླིང་པ།

English | བོད་ཡིག

མཆོག་གྱུར་བདེ་ཆེན་གླིང་པ།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:
Download this text:

༄༅། །མགོན་དྲག་ལ་གདམས་པ།

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

བལྟ་མཁན་རིག་པའི་ཐོག་ཏུ་བཞག་པ་ན། །
ཁ་དོག་དངོས་པོ་མེད་པའི་སྟོང་སང་ངེ་། །
རྣམ་རྟོག་གང་ཤར་ངོ་བོར་བལྟས་པའི་ཚེ། །
ནམ་མཁའ་སྤྲིན་དེང་བཞིན་དུ་རྗེས་མེད་ཡལ། །

སྟོང་ངོ་སྙམ་པའི་འཛིན་པ་བྲལ་བ་ན། །
དེ་ཚེ་སེམས་ཀྱི་ངོ་བོ་མཐོང་བ་ཡིན། །
དུས་ཀུན་སྙིང་རྗེ་མོས་གུས་བརྩོན་འགྲུས་གཅེས། །
རྒྱུ་འབྲས་བླང་དོར་བྱེད་པ་གནད་དུ་ཆེ། །

ཞེས་མགོན་དྲག་གིས་བསྐུལ་ངོར། མཆོག་གྱུར་གླིང་པས་བྲིས།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept