Advice on Meditation—Tibetan

Literary Genres › Advice | Collections & Cycles › Chokling Tersar | བོད་ཀྱི་བླ་མ།མཆོག་གྱུར་བདེ་ཆེན་གླིང་པ།

English | བོད་ཡིག

མཆོག་གྱུར་བདེ་ཆེན་གླིང་པ།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:
Download this text:

༄༅། །སྒོམ་ཚུལ་གྱི་བསླབ་བྱ།

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

ཉམས་ལེན་བཟང་པོ་བྱེད་འདོད་ན། །
ངེས་འབྱུང་སེམས་ལ་བརྟན་པོ་དགོས། །
དོན་བསྡུས་སངས་རྒྱས་ཐོབ་འདོད་ཡིན། །

སྐྱབས་འགྲོ་ཆོས་ཀྱི་རྩ་བ་ཡིན། །
དེ་ཡང་བླ་མ་དཀོན་མཆོག་ལ། །
སྙིང་ནས་བློ་གཏད་ལིང་བསྐྱར་དགོས། །

བླ་མེད་སངས་རྒྱས་ཐོབ་པའི་རྒྱུར། །
བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །
གཞན་ཕན་ཁོ་ནས་སྒྲུབ་པ་ཟབ། །

སེམས་ཉིད་འཛིན་མེད་ངང་ལ་ཞོག །
བཟོ་མེད་སྤྲོས་དང་བྲལ་བའི་དོན། །
རྟོགས་ན་བསྒོམ་པའི་གྲལ་དུ་འགྲོ། །

འགྲུབ་བཀགས་སམ་རྗེས་དེད་དེ། །
སྡུག་བརྩིར་བསྒོམ་གྱི་ཐ་མ་ཡིན། །
འཛིན་ཆགས་ཆུང་ན་རྟོགས་པའི་རྟགས། །

དག་སྣང་ཆེ་ན་རྟོགས་པའི་རྟགས། །
སྙིང་རྗེ་ཆེ་ན་རྟོགས་པའི་རྟགས། །
རྒྱུ་འབྲས་ཞིབ་ན་རྟོགས་པའི་རྟགས། །

མ་རྟོགས་འདི་བཞིན་ལྡོག་པའོ། །
ཨ་རྗེའི་ཐུགས་ལ་དེ་ལྟར་ཞོག །

མཆོག་གྱུར་གླིང་པས་བྲིས་པ་དགེ།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept