Long-Life Prayer for Dzongsar Khyentse Rinpoche—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། | བོད་ཀྱི་བླ་མ།རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ།

English | Español | བོད་ཡིག

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

Dzongsar Jamyang Khyentse Rinpoche

Further information:
Download this text:

༄༅། །རྫོང་གསར་འཇམ་དབྱང་མཁྱེན་བརྩེ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བཞུགས།

 

ཨོཾ་སྭསྟི།

འཇ༵མ་དབྱང༵ས་མཁྱེན་པའི་ཆུ་གཏེར་ལས་འཁྲུངས་ཤིང་། །

ཆོས༵་ཀྱི༵་རྒྱ༵་མཚོ༵འི་མངའ་བདག་རྡོ་རྗེ་ཅན། །

རིགས་གསུམ་དབྱེར་མེད་མཆོག་གི་སྤྲུལ་པའི་སྐུ། །

གསང་གསུམ་འཕོ་མེད་རྟག་པར་བཞུགས་གསོལ་འདེབས། །

 

སྡོམ་གསུམ་ཚུལ་ཁྲིམས་རྣམ་དག་གསེར་གྱི་གཞིར། །

མཐའ་ཀླས་གསན་བསམ་སྒོམ་པའི་ཡོན་ཏན་གཏེར། །

མཐར་སོན་ནོར་བུའི་མཛོད་ལྡན་རོལ་མཚོས་མཛེས། །

མཆོག་གི་སྤྲུལ་སྐུའི་གསང་གསུམ་རྟག་བརྟན་ཤོག །

 

བཤད་བརྒྱུད་ཀ་ཆེན་བཅུ་ཡི་རིང་ལུགས་སྤེལ། །

སྒྲུབ་བརྒྱུད་ཤིང་རྟའི་སྨིན་གྲོལ་རྒྱུན་མི་ཆད། །

མཁས་བཙུན་གྲུབ་པའི་འདུས་ཚོགས་རྟག་སྐྱོང་མཛད། །

ངོ་མཚར་སྣང་བ་རྟག་ཏུ་རྒྱས་གྱུར་ཅིག  །

 

ཅེས་མཆོག་གི་སྤྲུལ་པའི་སྐུའི་ཞབས་བརྟན་དུ་འབྲུག་བཙུན་ཤེས་རབ་རྒྱལ་མཚན་ནས་རྟེན་བཅས་བསྐུལ་བ་བཞིན་རྗེ་བཙུན་འཇམ་མགོན་ཡབ་སྲས་དགྱེས་པའི་འབངས་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་ཏེ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept